ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱིས“མེ་ལྕེ་སྔོན་པོ་དང་སེམས་པ་དྲང་པོས་ས་མཐོའི་འབར་རླངས་ལ་འགན་ལེན་བྱེད”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་འགོ་འཛུགས་ཚོགས་འདུ་འཚོགས་ཤིང་།སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་དབང་ཁེ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཐབས་བྱས་པ་རེད།
གྲོང་ཁྱེར་སེམས་དྲོད་ཀུང་སིའི་ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་དང་ཕན་ནུས་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཏང་རྩ་འཛུགས་དང་ཏང་ཡོན་གྱི་གཟུགས་བརྙན་བཟང་པོ་གཏོད་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ཏེ་སེམས་དྲོད་ཀྱི་ཁྱད་ཆོས་ལྡན་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་།“མེ་ལྕེ་སྔོན་པོ་དང་སེམས་པ་དྲང་པོས་ས་མཐོའི་འབར་རླངས་ལ་འགན་ལེན་བྱེད”ཅེས་པའི་སྤུས་རྟགས་གཏོད་རྒྱུ་གཙོ་བོར་དམིགས་ཏེ་སེམས་པ་ཏང་ལ་ཕྱོགས་དང་། འབར་རླངས་བདེ་འཇཊ་ཡོང་བར་བྱེད་པ།འབར་རླངས་སྐྱོན་དང་བྲལ་བ།འབར་རླངས་ཀྱིས་དམངས་ལ་ཕན་པ་འདོཊ། འབར་རླངས་ལ་སྲུང་སྐྱོབ་བྱེད། འབར་རླངས་བདེ་འཇགས་ཀྱི་ལས་དོན་མདུན་དུ་སྤེལ་བ་སོགས་ཏང་འཛུགས་སྐྱོང་གི་སྤུས་རྟགས་8བཏོད་དེ།“1+8+N”ཏང་འཛུཊ་སྐྱོང་གི་རྣམ་པ་བཏོད་ནས་ཀྲི་པུའུ་གཅིག་ལ་སྤུས་རྟགས་གཅིག ཁྱད་ལྡན་བྱེད་སྒོའི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། བྱེད་ཐབས་མང་པོ་མཉམ་དུ་སྤེལ་བ་བཅས་བྱས་ཤིང་།འཕེལ་རྒྱས་ལ་དམིགས་ནས་ཏང་འཛུཊ་སྐྱོང་ལ་དམ་འཛིན་ཡག་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བརྒྱུད་རིམ་ཁྲོད།གྲོང་ཁྱེར་སེམས་དྲོད་ཀུང་སིས་ཏང་འཛུགས་སྐྱོང་གི་ཁྱད་ཆོས་མངོན་པར་བྱས་ཏེ་འབར་རླངས་གདོང་ལེན་གྱི་འཐབ་ཕྱོགས་དང་པོ་དང་། སྡེ་ཁུལ། སྒོ་རྩ་བཅས་ལ་བསྐྱོད་ནས་བདེ་འཇགས་ཞིབ་བཤེར་གཏིང་ཟབ་སྤེལ་ཞིང་།ཏང་འཛུགས་སྐྱོང་དང་ཐོན་སྐྱེད་མཉམ་འདྲེས་དང་། ཏང་འཛུགས་སྐྱོང་སྡེ་ཁུལ་དུ་སྤེལ་བ། ཏང་ཡོན་གྱིས་བདེ་འཇགས་ཞིབ་བཤེར་བྱེད་པའི་ཏང་འཛུགས་སྐྱོང་གི་ཁྱད་ལྡན་བྱེད་སྒོར་ཕན་འབྲས་དངོས་ཐོབ་ཡོད། བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ནུས་པ་འདོན་སྤེལ་དང་བྱེད་ཐབས་མང་པོ་མཉམ་དུ་སྤེལ་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། སྤུས་རྟཊ་གཙོ་བོ་དང་ཀྲི་པུའུ་ཡི་ཡན་ལག་སྤུས་རྟགས་གསར་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་འཛིན་པ།སྤུས་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་ལས་དོན་གྱི་ངོས་འཛིན་བྱེད་ཚད་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གསར་གཏོད་བྱས་པ་བརྒྱུད་བསམ་བློ་གཅིག་གྱུར་དང་སེམས་ཤུགས་གཅིག་སྒྲིལ་བྱས་པ་དང་།སློབ་སྦྱོང་གི་དར་སྲོལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ལ། ཏང་ཡོན་གྱི་ཞབས་ཞུའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།སྤྱོད་ཚུལ་མངོན་གསལ་དོད་པོས་འགྱུར་ལྡོག་ཕྱིན་པ་བཅས་སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཡོད། གྲོང་ཁྱེར་སེམས་དྲོད་ཀུང་སིའི་ཏང་གི་ལས་དོན་གྱི་གཙོ་གཉེར་བ་ཧོང་པའེ་རུའེ་གྱིས་དེ་རིང་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཀྱི་འགོ་འཛུགས་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་ཏང་འཛུགས་སྐྱོང་སྤུས་རྟགས་བཏོད་ནས་ཁྱབ་གདལ་ལས་དོན་ལ་སྔར་བས་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།འཕེལ་རྒྱས་ཀྱི་ནུས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་མིང་བྱང་གཙོ་བོ་གསལ་དུ་གཏོང་བ། ཏང་འཛུགས་སྐྱོང་ལས་དོན་དང་ལྟེ་བའི་ལས་དོན་ཟམ་མི་ཆད་པར་འཚོལ་བ། དམངས་འཚོར་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱ་ཆེད་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社