分享按钮

ཤའོ་ཡིའུ་ཚའེ་ཡིས་ཞེ་ཁྲེང་ཚོགས་པའི་མཐོ་རིམ་སྤྱི་འདོམས་པ་གཞོན་པ་ཝང་ཝེ་དང་བཅས་པར་བཞུགས་མོལ་གནང་བ།

(པར་ངོས་དང་པོར་མཐུད)ཁོང་གིས་ཞེ་ཁྲེང་ཚོགས་པས་ལས་རིགས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱེད་པ་དང་། ཞག་སྡོད་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་རིག་ལྡན་ཡུལ་སྐོར་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་ཧུར་ཐག་བཏང་ནས་སྤུས་ལེགས་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་གཏོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་ལྷ་སར་ཡོང་རྒྱུའི་ཡིད་དབང་བཀུག་ནས་ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དེ་བས་མང་བ་འབུལ་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལྷག་བསམ་དག་པོས་འབྲེལ་མཐུད་དང་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ་འདོད་མོས་མཉམ་ལས་རྣམ་གྲངས་དང་སྔ་ཙམ་གན་རྒྱ་འཇོག་པ་དང་། སྔ་ཙམ་དོན་འཁྱོལ་བྱེད་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་དཔེ་མཚོན་གཏོད་དགོས་པའི་ཐུགས་རེ་གནང་བ་རེད།

ཝང་ཝེ་ཡིས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཞེ་ཁྲེང་ཚོགས་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ལྷ་སའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་།རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད་ཧུར་ཐག་གཏོང་བ།རིག་གནས་ཡུལ་སྐོར་དང་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བཅས་བྱས་ཏེ་ལྷ་ས་དང་ལག་གདང་སྦྲེལ་ནས་ཡུལ་སྐོར་གྱི་ཁྲོམ་ར་གསར་པ་གཏོད་རྒྱུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186028.html 1 ཤའོ་ཡིའུ་ཚའེ་ཡིས་ཞེ་ཁྲེང་ཚོགས་པའི་མཐོ་རིམ་སྤྱི་འདོམས་པ་གཞོན་པ་ཝང་ཝེ་དང་བཅས་པར་བཞུགས་མོལ་གནང་བ། /enpproperty-->