分享按钮

གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་སའི་2024ལོའི་གྲགས་ཅན་གཞས་པའི་གླུ་གཞས་འདུ་ཚོགས་ལྷ་སར་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)གཞས་པ་སུན་ནན་གྱིས་ང་རང་ལྷ་སར་འཁྲབ་སྟོན་བྱེད་པར་ཡོང་ཐེངས་དང་པོ་མིན་ཞིང་། འདི་གར་ཡོང་ཐེངས་རེར་ལྷ་སའི་གྲོགས་པོ་ཚོའི་སྤྲོ་སེམས་ཚོར་ཐུབ་པར་མ་ཟད།ང་ལ་ཡང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ཐེངས་སླར་ཡང་འཁྲབ་སྟོན་བྱེད་པར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། བོད་ཀྱི་གྲོགས་པོ་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བའི་རེ་བ་ཡོད་ཅེས་བཤད།

ས་གནས་ས་ཐོག་གི་ལྟད་མོ་བར་འཁྲབ་སྟོན་ལ་ལྟ་བའི་ཉམས་ལེན་ཡག་པོ་ཞིག་ཡོང་བའི་འགན་ལེན་བྱ་ཆེད།གཙོ་གཉེར་ཕྱོགས་ཀྱིས་ཕྱིར་སྐྱོད་འཆར་འགོད་དང་། བདེ་འཇགས་ཞིབ་བཤེར།ཤེས་དཔལ་ལྡན་པའི་ངང་འཁྲབ་སྟོན་ལ་ལྟ་བ་སོགས་ཀྱི་ཐད་གྲ་སྒྲིག་གང་ལེགས་བྱས་ཡོད་པ་རེད། ལྟད་མོ་བ་བསྟན་ལགས་ཀྱིས་ངས་ལྷ་སའི་ཡོངས་བསྒྲགས་ཀྱི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་གླུ་གཞས་འདུ་ཚོགས་ཡོད་པ་ཤེས་རྟོགས་བྱུང་།ངས་ཧའེ་ལའེ་ཨ་མུ་ཡི་འཁྲབ་སྟོན་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པས་གྲོགས་པོ་དང་མཉམ་དུ་ཡོང་བ་ཡིན་ཞེས་བཤད།

ད་ཐེངས་ཀྱི་གླུ་གཞས་འདུ་ཚོགས་ཀྱི་དམིགས་ཡུལ་ནི་རོལ་དབྱངས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྣམ་པ་བརྒྱུད་ལྷ་སའི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་དང་རིག་གནས་ཀྱི་འཇམ་ཤུགས་སྔར་བས་ཆེ་རུ་བཏང་ནས་ཡུལ་སྐོར་བ་དེ་བས་མང་བ་ལྷ་སའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཐད་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་དེ་རེད། སླད་ཕྱིན་ལྷ་སས་སྒོ་དབྱེའི་ཁོང་ཡངས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་དང་རིག་གནས་ཡུལ་སྐོར་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ་མི་དེ་བས་མང་བས་ལྷ་ས་ཤེས་རྟོགས་དང་ལྷ་སར་དགའ་པོ་ཡོང་བར་བྱ་རྒྱུ་ཡིན་པ་རེད།

ལྷ་ས་ས་གཙང་གྲངས་འཛིན་སྨྱན་སྦྱོར་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲུའུ་ཅུན་གྱིས་ལྷ་སའི་ཐུན་མོང་མ་ཡིན་པའི་རང་བྱུང་ཡུལ་ལྗོངས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་གར་སྟེགས་ཀྱི་ཇུས་འགོད་ནང་མཉམ་འདྲེས་བྱས་ནས་ལྟད་མོ་བས་རོལ་དབྱངས་ཀྱི་སྟོན་མོ་ལོངས་སུ་སྤྱོད་རྒྱུ་དང་ཆབས་ཅིག་གངས་ལྗོངས་ས་མཐོའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱ་རྒྱུ་ཡིན། སྒྱུ་རྩལ་བ་འདེམས་པའི་ཐད་ང་ཚོས་སྒྱུ་རྩལ་པའི་སྣ་མང་རང་བཞིན་དང་མཚོན་བྱེད་རང་བཞིན་ལ་སྣང་ཆེན་བྱེད་ཀྱི་ཡོད། གླུ་གཞས་འདུ་ཚོགས་ཧྲིལ་པོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད་པས། ཁོང་ཚོའི་འཁྲབ་སྟོན་བརྒྱུད་རོལ་དབྱངས་ཀྱི་ཚད་མེད་ནུས་པ་མངོན་པ་དང་དུས་མཚུངས་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186027.html 1 གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་སའི་2024ལོའི་གྲགས་ཅན་གཞས་པའི་གླུ་གཞས་འདུ་ཚོགས་ལྷ་སར་འགོ་ཚུགས་པ། /enpproperty-->