(པར་ངོས་དང་པོར་མཐུད)ནུས་ཤུགས་ཡོད་རྒུས“གྲངས་འཛིན་དཔལ་འབྱོར་ཁུལ”རྒྱ་ཆེར་བཏང་ཡོད། ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སི་ནི་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་ཆ་འཕྲིན་དང་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད། རིག་ནུས་མཐའ་སྣེའི་མཁོ་འདོན་ཚོང་པ་ཞིག་ཡིན་པས། ལག་རྩལ་དང་། སྒྲིག་ཆས། ཤེས་ལྡན་པ་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ད་ཡོད་ཀྱི་མཉམ་ལས་སྲ་བརྟན་དང་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག་ལྷ་ས་དང་ལག་གདང་སྦྲེལ་ནས་རིག་ལྡན་གྲོང་ཁྱེར་དང་རིག་ལྡན་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོར་གཏིང་ཟབ་པའི་མཉམ་ལས་དང་ཆུ་ཚད་མཐོ་བའི་སྤེལ་རེས་བྱ་རྒྱུ་དང་། ལྷ་སར་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་ཆེད་ཕན་ནུས་འདོན་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཝུའུ་ཀང་གིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སི་ལྷ་སར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མིག་སྔའི་མཉམ་ལས་གནས་ཚུལ་དང་ཕྱིས་འབྱུང་གི་མཉམ་ལས་ཀྱི་ཇུས་འགོད་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་ལྷ་སའི་གྲངས་གཞི་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་མདུན་ལམ་རྒྱ་ཆེ་བ་དང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཧྭ་ཝུའེ་ཡིས་རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ། ལྷ་སའི་མཐོ་གསར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཧུར་ཐག་ཞུགས་ནས་མིས་བཟོས་རིག་ནུས་རྩིས་ཤུགས་དང་། རིག་ལྡན་ཉེར་སྤྱོད་མ་ལག ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་མཉམ་ལས་བྱེད་སྟངས་སྔར་ལས་མང་བ་འཚོལ་ཞིབ་བྱས་ནས། གྲངས་འཛིན་ལྷ་སའི་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་རོགས་རམ་བྱ་རྒྱུ་དང་། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་དེ་བས་མང་བ་བསྣན་རྒྱུ་ཡིན་ཞེས་གསུངས་པ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社