(པར་ངོས་དང་པོར་མཐུད)ཀུའེ་ཀྲོའུ་ནས་ཡོང་བའི་ཡུལ་སྐོར་བ་ཧུའུ་ལགས་ཀྱིས་ང་རང་མེ་འཁོར་ལ་བསྡད་ནས་ཆུ་ཚོད་33གྱི་ཡུལ་སྐོར་བྱས་རྗེས་བོད་དུ་སླེབས་པ་ཡིན། དེ་གར་ཞོ་སྟོན་གྱི་རྣམ་པ་དངོས་སུ་མྱོང་རོལ་ཐུབ་པ་ནི་ཧ་ཅང་སྟབས་ལེགས་པ་ཞིག་ཡིན། ད་ཐེངས་ཀྱི་ཉམས་མྱོང་ལས་བོད་ལ་ངོས་འཛིན་དེ་བས་གསལ་པོ་བྱུང་ཞེས་བཤད།
ཛ་དྲག་ཆེ་བའི་འགྲན་བསྡུར་ཁྲོད། བདམས་ཐོན་པ་ཚོའི་ཕུལ་དུ་བྱུང་བའི་རྣམ་འགྱུར་ལས། འགྲན་ར་འདི་ཉིད་དེ་མ་ཐག་ཏུ་འཁྲུག་ཆ་དོད་དུ་ཕྱིན་ཡོད། ལྷ་ས་ནས་ཡིན་པའི་དགེ་ལེགས་དབང་རྒྱལ་གྱིས་མྱུར་ཚད་ལ་ཚད་བཀག་མེད་པའི་སྨི་2000གི་རྟ་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་རེད། དགེ་ལེགས་དབང་རྒྱལ་གྱིས་བཅར་འདྲི་དང་ལེན་བྱེད་སྐབས། དེ་རིང་སྨི་2000ཡི་འགྲན་བསྡུར་ནང་ཞུགས་ནས་ཨང་དང་པོ་ཐོབ་པར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། དང་ཐོག་ཨང་རིམ་བཞི་པར་ལུས་བྱུང་།སྐོར་བ་མཐའ་མའི་རྒྱག་སྐབས་ནུས་ཤུགས་གང་ཡོད་ཀྱིས་རྒྱུགས་པས་མཐར་ཨང་དང་པོ་ལེན་ཐུབ་བྱུང་ཞེས་བཤད།
འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། མཐའ་མཇུག་གི་འབྲས་བུ་ཁྱབ་བསྒྲཊ་བྱས་པ་སྟེ། མྱུར་ཚད་ལ་ཚད་བཀག་མེད་པའི་སྨི་2000གི་འགྲན་བསྡུར་གྱི་ནང་ཨང་དང་པོ་ནི་དགེ་ལེགས་དབང་རྒྱལ་ཡིན་པ་དང་། ས་གནས་དེ་གའི་ཚོགས་ཆུང་གི་སྨི་5000གི་རྟ་རྒྱུག་རྣམ་གྲངས་ཀྱི་ཨང་དང་པོ་དེ་ལྷུན་གྲུབ་རྫོང་གི་བསྟན་འཛིན་སྐལ་བཟང་ལ་ཐོབ་པ་དང་། རྟ་ཐོག་ནས་ཁ་བཏཊ་སྒྲུག་པའི་རྣམ་གྲངས་ཀྱི་ཨང་དང་པོ་དེ་ནག་ཆུ་གྲོང་ཁྱེར་གྱི་བསྟན་འཛིན་རྣམ་སྲས་ཀྱིས་བླངས་པ་རེད།
ད་ཐེངས་ཀྱི་ཞོ་སྟོན་གྱི་རྟ་རྒྱུག་འགྲན་བསྡུར་ནང་ཡུལ་སྐོར་བ་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པས་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社