ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཞེ་ཁྲེང་ཚོགས་པའི་མཐོ་རིམ་སྤྱི་འདོམས་པ་གཞོན་པ་ཝང་ཝེ་དང་བཅས་པར་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་སྔར་བས་གཏིང་ཟབ་པའི་དངོས་སྒྲུབ་མཉམ་ལས་དང་ཆུ་ཚད་སྔར་བས་མཐོ་བའི་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱ་རྒྱུའི་ཐད་བགྲོ་གླེང་གཏིང་ཟབ་གནང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་དང་། ཞེ་ཁྲེང་ཚོགས་པའི་སྤྱི་འདོམས་པ་གཞོན་པ་དང་སྲིད་གཞུང་མཉམ་ལས་པུའི་སྤྱི་ཁྱབ་ཅིང་ལི་ཀྲང་ཞུས་སོཊ་ཞུཊ་ཡོད།
ཤའོ་ཡིའུ་ཚའེ་ཡིས་ཝང་ཝེ་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ་ཞེ་ཁྲེང་ཚོགས་པས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལྷག་པར་དུ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་གྲོང་ཁྱེར་ཡོངས་ཀྱིས་འདུ་ཤེས་ཆེན་པོ་ལྔ་དང་འཕེལ་རྒྱས་གལ་ཆེན་ལྔའི་བསམ་ཕྱོགས་གཞིར་བཟུང་།ཡུལ་ཁོངས་ཡུལ་སྐོར་ལེ་ལག་ཚང་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་བ་དང་། སྐོར་གསུམ་ཟླུམ་བརྒྱད་ཀྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་བསྐྲུན་ཏེ།ལྷ་ས་འདི་ཉིད་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་བཞིན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社