ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་འདོམས་གཞོན་པ་དང་གྲངས་འཛིན་སྲིད་གཞུང་གི་སྤྱི་འདོམས་པ་ཝུའུ་ཀང་དང་བཅས་པར་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བགྲོ་གླེང་གནང་བ་རེད།
གྲོང་སྤྱི་གཞོན་པ་ཁོང་ཧུའེ་དང་ཧྭ་ཝུའེ་ཁྲོན་བོད་སྲིད་ཁེའི་སྤྱི་ཁྱབ་སྤྱི་གཉེར་ཀུའོ་ཧུང་པིན་སོགས་ཞུགས་ཡོད།
ཤའོ་ཡིའུ་ཚའེ་ཡིས་ཝུའུ་ཀང་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་མཐོ་གསར་གྲངས་གཞིའི་ཐོན་ལས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་། ལྷ་སས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། ཨེ་ཤེ་ཡ་ལྷོ་མའི་སྒོ་དབྱེའི“ལྟེ་བའི་གྲོང་ཁྱེར”དང་རྒྱལ་ཁབ་ཀྱི་རྩིས་ཤུགས་ལྟེ་བའི་མཚམས་ཚིགས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། མཐོ་གསར་གྲངས་འཛིན་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社