འབྱུང་འགྱུར་ལ་དམིགས་སྐབས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ན། ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་ཆེན་པོ་མཁོ་འདོན་བྱེད་ཐུབ།
གནད་དོན་འཛིན་སེམས་ཇེ་ལེགས་སུ་གཏོང་བ་དང་གནད་དོན་འཛིན་ཕྱོགས་འབུར་དུ་ཐོན་པར་བྱས་ཏེ། མུ་མཐུད་ཁྱོན་ཡོངས་ལ་འབད་བརྩོན་བྱས་ནས་སྒྱུར་བཅོས་བྱེད་ཐབས་ཁག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གནད་དོན་གཙོ་བོ་སེལ་བར་ཁྱབ་པར་བྱེད་དགོས་ལ། མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་ཐད་ལའང་ཤུགས་བརྒྱབ་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སེལ་དགོས།
ཉེ་ཆར། ཚན་རྩལ་ཀུང་སི་ཞིག་གིས་གློག་རྫས་ལྕགས་རིགས་བྱང་བུ་སྣེ་གཉིས་མའི་ནུས་པ་དང་འབྲེལ་བའི་གནད་འགག་བསལ་ནས་ནུས་ཚད་མཐོ་བའི་ཆིང་ནུས་འབར་རྒྱུའི་གློག་རྫས་ཕྱིར་གཏོང་གི་མངགས་ཐོ་ཐོབ་པ་རེད། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་མང་པོ་གཏོང་དགོས་ལ། ཚོད་ལྟར་མཁོ་བའི་འདྲ་བཤུས་གློག་ཤེལ་དང་མ་རྡུལ་འཚོལ་མདའ་སོགས་སྒྲིག་ཆས་ཁོ་ནར་སྒོར་ཁྲི་སྟོང་ཁ་ཤས་གཏོང་དགོས་ཀྱི་ཡོད། ཁེ་ལས་ཀྱིས་གནད་དོན་དེ་ཚོ་ཇི་ལྟར་ཐག་གཅོད་བྱེད་བཞིན་ཡོད་ཅེ་ན། ཀུང་སི་དེས་ས་གནས་དེ་གའི་དྲ་རྒྱའི་ལས་སྟེགས་ཐོག་ཞིབ་འཇུག་གསར་སྤེལ་གྱི་དགོས་མཁོ་ཁྱབ་བསྒྲགས་བྱས་མཐར་མཐོ་སློབ་ཚན་ཞིབ་ཚོགས་པའི་རོགས་རམ་ཐོབ་སྟེ། ཞིབ་འཇུག་གསར་སྤེལ་དང་འབོར་ཆེན་ཐོན་སྐྱེད་སོགས་ལ་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ་ཡོད། ཚན་རྩལ་གྱི་སྒྲིག་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་རྣམ་གྲངས་སྒྲིག་འཛུགས་དང་དོ་དམ་བྱེད་སྟངས་གསར་དུ་གཏོད་པ། ཚན་རྩལ་གྱི་གྲུབ་འབྲས་སྔར་ལས་མང་བ་ཐོན་སྐྱེད་ཀྱི་ནུས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་བ་སོགས་བྱས་ཚེ། གཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་ཐུབ།
དུས་རབས་གསར་པར་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་ལྡན་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་འཐུས་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བ་དེ་ཡིན་པས། སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་སྔར་བས་འཚམ་པར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཞིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། “དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི”ཐད་ཆེད་མངགས་བཀོད་སྒྲིག་བྱས་ཤིང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社