分享按钮

གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་སའི་2024ལོའི་གྲགས་ཅན་གཞས་པའི་གླུ་གཞས་འདུ་ཚོགས་ལྷ་སར་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན་གྱི་དགོང་མོར། གངས་ལྗོངས་གི་གནའ་གྲོང་། གནས་མཆོག་ལྷ་སའི་2024ལོའི་གྲགས་ཅན་གཞས་པའི་གླུ་གཞས་འདུ་ཚོགས་འདི་ཉིད་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་དང་། སྐད་གྲགས་ཆེ་བའི་གཞས་པ་མང་པོ་ཞིག་གིས་གངས་ལྗོངས་ས་མཐོའི་གསར་དར་གཞས་པ་དང་མཉམ་དུ་འཁྲབ་སྟོན་བྱས་ནས་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་རོལ་དབྱངས་ཀྱི་སྟོན་མོ་ཞིག་བཤམས་པ་རེད།

ཉིན་དང་པོའི་འཁྲབ་སྟོན་ནང་གྲགས་ཅན་གཞས་པ་སུན་ནན་དང་། ཧའེ་ལའེ་ཨ་མུ། ཁྲེང་ཞང་བཅས་དང་།དེ་བཞིན་བོད་རིགས་ཀྱི་གཞས་པ་དཔལ་ལྡན་དོན་གྲུབ་དང་། བསྟན་འཛིན་ཉི་མ་སོགས་ཀྱིས་རེས་མོས་ངང་འཁྲབ་སྟོན་བྱས་ནས་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་རོལ་དབྱངས་ཀྱི་སྟོན་མོ་ཞིག་བཤམས་ཡོད། གཞས་པ་ཚོས་མི་སེམས་འགུལ་བའི་སྐད་ངག་དང་བྱང་ཆུབ་པའི་འཁྲབ་རྩལ་ལ་བརྟེན་ནས་རྩེར་སོན་གླུ་གཞས་རེ་རེ་བཞིན་འཁྲབ་སྟོན་བྱས་པས་ལྟད་མོ་བས་དགའ་བསུ་དང་དགའ་འབོད་ཞུས་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-09 6 6 拉萨日报藏文 c186017.html 1 གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་སའི་2024ལོའི་གྲགས་ཅན་གཞས་པའི་གླུ་གཞས་འདུ་ཚོགས་ལྷ་སར་འགོ་ཚུགས་པ། /enpproperty-->