ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།དཔལ་འབྱོར་གླིང་ཤང་འདམ་བཅད་གྲོང་ཚོ་ཏང་ཨུད་ཀྱིས་གཉེར་འགན་འཁུར་བའི་འོང་སྐོར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དེ་ཁོངས་གཏོགས་ཀྱི་ཕུན་ཚོགས་གླིང་ཚོགས་ཆུང་དུ་སྤེལ་བ་དང་། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་ཆར་ཆུ་དུས་སུ་འབབ་པ་དང་། རྒྱལ་ཁམས་བདེ་ལ་འཁོད་པ། ལོ་ཕྱུག་རྟག་ཏུ་ལེགས་པ་བཅས་ཀྱི་ཆེད་དུ་ཡིན་པ་རེད།
ཉིན་དེའི་སྔ་དྲོར།སྤྲོ་སེམས་འཁོལ་བའི་གླུ་གཞས《ལུས་རྩལ་པའི་མདུན་སྐྱོད་རོལ་དབྱངས》ཞེས་པ་གཏོང་བ་དང་བསྟུན་ནས་འདམ་བཅད་གྲོང་ཚོའི་ཕུན་ཚོགས་གླིང་གི་འོང་སྐོར་བྱེད་སྒོ་དངོས་སུ་འགོ་ཚུགས་ཤིང་།རྟ་པ་38དང་།མདའ་པ་38ལྟད་མོ་བ་ཁྲི་2ལྷག་ཙམ་གྱི་ཐལ་མོའི་རྡེབ་སྒྲའི་ཁྲོད་འགྲན་རར་ཞུགས་ཡོད། འགྲན་བསྡུར་འགོ་ཚུགས་པ་དང་བསྟུན་ནས་འགྲན་རའི་ཐོག་རྟ་རྒྱུག་ནས་ཐལ་རྡུལ་དགུང་དུ་འཕྱུར་བ་དང་། འགྲན་རའི་ཕྱི་རོལ་ཏུ་རྔ་རྡུང་བའི་སྒྲ་དང་འབོད་སྒྲས་ཁེངས། ད་ཐེངས་ཀྱི་འགྲན་བསྡུར་ལས་བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་ངར་ཤུགས་དང་སྤོབས་ཉམས་མངོན་པར་མ་ཟད། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཡང་ཕུན་སུམ་ཚོགས་སུ་ཕྱིན་ནས་ཏང་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་ཕྱིན་ཡོད་པ་རེད།
ཕྱིས་འབྱུང་།དཔལ་འབྱོར་གླིང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་།དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ཤུགས་བརྒྱབ་ནས་བདེན་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ།ཤང་ཡོངས་ཀྱི་ལས་དོན་ཁག་དོན་དངོས་ཀྱི་ཕྱོགས་སུ་སྒྲུབ་པ་དང་། ཕུལ་བྱུང་གི་ཕྱོགས་སུ་སྐྱོད་པ། མཐོ་སར་འཛེག་པ་བཅས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་དཔལ་འབྱོར་གླིང་གི་ས་ཁོངས་གཅིག་གི་འོད་སྣང་ལ་བརྟེན་ནས་རྫོང་ཡོངས་ཀྱི་ལས་དོན་འཕེལ་རྒྱས་ཡོང་བར་བྱ་རྒྱུ་ཡིན་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社