分享按钮

(པར་ངོས་དང་པོར་མཐུད)ཁྲོམ་བཀྱག་ཐོག་བོད་ཡིག་ཡིག་གཟུགས་ལ་མཁོ་བའི་སྨྱུ་གུ་དང་།སྦྱང་ཤིང་།ཡིག་གཟུགས་ཀྱི་མ་དཔེ་བཅས་ཕུད།གློག་ཀླད་ཀྱི་ཀློག་སྦྱོང་ཡོ་ཆས་ལའང་ཚང་མས་དགའ་པོ་ཆེན་པོ་བྱེད་ཀྱི་ཡོད།

བོད་ལྗོངས་མཐོ་སྒང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ལས་དོན་པ་མཐོ་སྒང་སྐར་མ་ལྷ་མོས་ང་ཚོའི་གློག་ཀླད་ཀྱི་ཀློག་སྦྱོང་ཡོ་ཆས་དེར་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་ཡོད།དེའི་དམིགས་ཡུལ་ནི་ཕྲུ་གུ་ཚོར་སྤྲོ་སྣང་དང་རོལ་རྩེད་སོགས་ཀྱི་བྱ་ཐབས་བརྒྱུད་ཤེས་བྱ་དེ་བས་མང་བ་ཁོང་དུ་ཆུད་པར་བྱ་རྒྱུ་དེ་ཡིན།དུས་མཚུངས་སུ་ཚོང་འདུས་དེ་བརྒྱུད་ཐོན་རྫས་དེ་བས་བྲིན་ཁ་རྒྱུག་པ་དང་།བོད་ཀྱི་རིག་གནས་དེ་བས་རྒྱ་ཁྱབ་ཏུ་ཁྱབ་སྤེལ་བྱེད་པ། མི་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་ལ་དེ་བས་མཐོང་ཆེན་བྱེད་པ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

ཞོ་སྟོན་ནི་ཞོ་འཐུང་བའི་དུས་ཆེན་ཞིག་ཡིན་པ་དང་།སྟོད་ལུང་བདེ་ཆེན་ཆུས་ནས་ཡིན་པའི་ས་གནས་དེ་གའི་དཀར་ཆུའི་ཐོན་རྫས་ཁེ་ལས་བོད་ལྗོངས་བོད་ས་སྐྱིད་ལུང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་ཀྱང་ད་ཐེངས་ཀྱི་ཞོ་སྟོན་རིག་གནས་གསར་གཏོད་ཚོང་འདུས་ནང་ཞུགས་ཡོད་པ་རེད།ཞོ་ཕུད།འདི་ལོར་ཁོང་ཚོས་ཐོན་རྫས་གསར་པ་འཁྱེར་ཡོད་པས་ད་ཐེངས་ཀྱི་ཚོང་འདུས་ཐོག་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།

བོད་ལྗོངས་བོད་ས་སྐྱིད་ལུང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ཚོང་གཉེར་སྤྱི་ཁྱབ་ལྟ་ཞིབ་པ་ཀུའོ་ཅུན་གྱིས་ཉིན་དེ་གཉིས་རིང་ང་ཚོའི་ཐོན་རྫས་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད།འདི་ལོ་ང་ཚོས་ད་དུང་སྲིད་གཞུང་གིས་འོ་མ་སོས་པ་ཐད་ཀར་གྲོང་ཁྱེར་ལ་མཁོ་འདོན་བྱེད་པའི་འབོད་སྐུལ་དང་ལེན་བྱས་ནས་ཉིན་བདུན་གྱི་འོ་མ་སོས་པ་ཞེས་པའི་འོ་མ་སོས་པའི་ཐོན་རྫས་གསར་པ་བཏོན་པ་ཡིན།ཞོ་སྟོན་རིག་གནས་གསར་གཏོད་ཀྱི་ཚོང་འདུས་བརྒྱུད་ང་ཚོའི་ཐོན་རྫས་གསར་རྙིང་འཛད་སྤྱོད་པ་དེ་བས་མང་བར་ཁྱབ་གདལ་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

འདི་ལོ་ནི་ནོར་བུ་གླིང་ཁར་ཞོ་སྟོན་རིག་གནས་གསར་གཏོད་ཚོང་འདུས་གཉེར་བའི་ལོ་གཉིས་ཡིན་པ་དང་།ཁྲོམ་བཀྱག་40ཡི་ཐོན་རྫས་གྲོང་མི་དང་ཡུལ་སྐོར་བས་གདམ་ག་དང་ཉོ་སྒྲུབ་བྱེད་ཆོག་གི་ཡོད།ནོར་བུ་གླིང་ཁའི་ལས་དོན་པ་ཉི་མ་ཆོས་སྒྲོན་གྱིས་ང་ཚོས་ཞོ་སྟོན་རིག་གནས་གསར་གཏོད་ཚོང་འདུས་བཙུགས་པའི་དམིགས་ཡུལ་གཙོ་བོ་ནི་ནོར་བུ་གླིང་ཁའི་དམིགས་བསལ་རིག་གནས་ཐོན་ཁུངས་དང་བར་མཐོངས་ཐོན་ཁུངས་ཀྱི་ལེགས་ཆ་བརྒྱུད།ཚང་མའི་དངོས་ཟོག་ཉོ་སྒྲུབ་དང་རོལ་རྩེད་གཞི་གཅིག་ཅན་གྱི་དགོས་མཁོ་སྐོང་ཐུབ་པར་མ་ཟད།ས་གནས་འདི་གའི་རིག་གནས་གསར་གཏོད་ཁེ་ལས་ལ་མི་དེ་བས་མང་བས་ཤེས་རྟོགས་ཐུབ་རྒྱུར་རོཊ་རམ་བྱ་ཆེད་ཡིན་ཞེས་བཤད།

འོད་སྟོང་འཕྲོ་བའི་ཉི་འོད་དང་།འཛུམ་མདངས་རྒྱས་པའི་བཞིན་རས།ཞོ་སོས་པ་ཡི་དྲི་ཞིམ་བཅས་ལས་ཞོ་སྟོན་གྱི་དྲན་ཤེས་སྐྱིད་པོ་ཞིག་ཆགས་པར་མ་ཟད།ནོར་བུ་གླིང་ཁ་ནི་དེ་བས་དགའ་སྤྲོ་རབ་ཏུ་འཁོལ་བའི་རྒྱ་མཚོ་ལྟ་བུར་ཡང་གྱུར་ཡོད།ཤིང་སྡོང་གི་གྲིབ་བསིལ་འོག་དང་སྤང་སྟེང་དུ་གླིང་ཁ་གཏོང་མཁན་གྲོང་མི་མང་ཚོགས་ཀྱིས་སྐྱིད་སྣང་དོད་པའི་ངང་དུས་ཚོད་ལོངས་སུ་སྤྱོད་བཞིན་ཡོད་པ་དང་།རྣ་ལམ་དུ་དགོད་སྒྲ་ལྷང་ལྷང་དུ་ཐོས་ཤིང་དུས་ཆེན་གྱི་སྤྲོ་སྣང་གིས་མི་ཚང་མ་དགའ་བས་རབ་ཏུ་མྱོས་པར་བྱས།

གྲོང་མི་ཚེ་རིང་སྒྲོལ་དཀར་གྲོགས་པོ་དང་མཉམ་དུ་ནོར་བུ་གླིང་ཁར་འཆམ་འཆམ་དུ་བསྐྱོད་ནས་པར་ལེན་བྱེད་བཞིན་ཡོད།ཁོང་གིས་ནོར་བུ་གླིང་ཁའི་རང་བྱུང་ཁོར་ཡུག་ཧ་ཅང་མཛེས་སྡུག་ལྡན་པ་དང་དུས་ཆེན་གྱི་རྣམ་པའང་ཧ་ཅང་ཟབ་པོ་ཡོད།དེ་གར་སླེབས་ཚེ་མི་རྣམས་ལ་བག་ཕེབས་དང་སྐྱིད་སྣང་དོད་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་བཤད།

ཡུལ་སྐོར་བ་ཀྲི་ཕེ་དབྱིས་ཕྲུ་གུ་དབྱར་ཁའི་གུང་གསེང་བཞག་པའི་སྐབས་དང་བསྟུན་ནས་ལྷ་སར་ལས་ཀ་བྱེད་བཞིན་པའི་ཁྱོ་ག་དང་མཉམ་འཛོམས་བྱས་པ་དང་།ཁྱིམ་མི་གསུམ་གྱིས་འདི་ལོའི་ཞོ་སྟོན་ལ་མཉམ་རོལ་བྱས་པ་དང་། དེ་ནི་མ་འོངས་པའི་དྲན་ཤེས་ཡག་པོ་ཞིག་ཏུ་གྱུར་བར་བྱས་ཡོད།ཀྲི་ཕེ་དབྱིས་འདི་ལོ་ཞོ་སྟོན་དང་ཏག་ཏག་འཁེལ་བས་ས་གནས་འདི་གའི་བོད་རིགས་རིག་གནས་དུས་ཆེན་ལ་དངོས་སུ་མྱོང་རོལ་བྱས་པས་ཧ་ཅང་དགའ་པོ་བྱུང་།ཉིན་དེ་གཉིས་རིང་ནོར་བུ་གླིང་ཁ་ཧ་ཅང་འཁྲུག་ཆ་དོད་པོ་འདུག་ཅེས་བཤད།

པོར་ཅིན་ན་ཨ་མ་དང་མཉམ་དུ་ལྷ་སར་ཡུལ་སྐོར་དུ་ཡོང་སྐབས་ས་གནས་འདི་གའི་བོད་རིགས་གྲོགས་པོས་གདན་འདྲེན་ཞུས་པ་ལྟར་ཁོང་ཚོ་ནོར་བུ་གླིང་ཁར་དུས་ཆེན་གཏོང་བར་ཡོང་ཡོད།པོར་ཅིན་ན་ཡིས་ནོར་བུ་གླིང་ཁ་འདི་ཁོ་མོའི་བསམ་བློའི་ནང་གི་ནོར་བུ་གླིང་ཁ་དང་མི་འདྲ་བ་ཞིག་འདུག་ཅེས་བཤད།ཁོ་མོས་དེ་རིང་ནོར་བུ་གླིང་ཁར་སྐྱེད་ཚལ་དང་འཛུགས་སྐྲུན་ཧྲིལ་པོར་ལྟ་སྐོར་བྱས་པ་ཡིན།མ་གཞི་གླིང་ཁ་དེ་ཧ་ཅང་ལྷིང་འཇགས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་མོད།ཞོ་སྟོན་གྱི་བྱེད་སྒོ་སྣ་ཚོཊ་སྤེལ་བ་དེས་གླིང་ཁ་དེ་འཁྲུག་ཆ་དོད་དུ་བཏང་འདུག ཁོང་གིས་བོད་རིཊ་མི་དམངས་མང་པོ་ཞིག་ཁྱིམ་ཚང་ཚན་པར་བྱས་ནས་དེ་གར་དུས་ཆེན་གཏོང་བར་ཡོང་བ་མཐོང་བྱུང་བས་ས་གནས་འདི་གའི་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱུང་བར་མ་ཟད།བོད་རིཊ་གྲོཊ་པོས་ང་ཚོ་དེ་གར་ཡུལ་སྐོར་དུ་གདན་འདྲེན་ཞུས་པར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན།ཁོང་རྣམ་པས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་གནང་བར་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།

འདི་ལོ་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡིས་ད་དུང་ཕོ་བྲང་པོ་ཏ་ལ་དང་།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་།བོད་ལྗོངས་རིག་དངོས་སྤྱི་ཁྱབ་ཚོང་ཁང་བཅས་དང་མཉམ་དུ་རིག་གནས་གསར་གཏོད་སྤུས་དག་ཁང་བཙུགས་ནས་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཇུས་འགོད་དང་རིན་གོང་འོས་འཚམ་བྱས་པས་མཛེས་ཆས་དང་།རྩེད་ཆས།རས་ཁུག་སོགས་རིག་གནས་གསར་གཏོད་ཐོན་རྫས་ལ་ཡུལ་སྐོར་བའི་དགའ་པོ་བྱེད་ཀྱི་ཡོད་པ་རེད།ཉི་མ་ཆོས་སྒྲོན་གྱིས་རིག་གནས་གསར་གཏོད་སྤུས་ལེགས་ཁང་དེ་བཀའ་ཤག་སྲིད་གཞུང་གི་ས་ཁོངས་སུ་བཙུགས་པ་དང་དེ་ནི་ང་ཚོས་ས་ཁོངས་དེར་སྒོ་དབྱེ་ཐེངས་དང་པོ་ཡིན།དེའི་རྒྱུ་མཚན་གཙོ་བོ་ནི་སྤུས་ཀ་ལེགས་ཤིང་གོ་ཆོད་པའི་རིག་གནས་གསར་གཏོད་ཐོན་རྫས་བརྒྱུད་ཚང་མས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤེས་ཐུབ་པ་དང་རིག་གནས་དག་འཚོ་བའི་ནང་ཁྱབ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་བྱས།

ཞོ་སྟོན་གྱི་འཁྲུག་ཆ་དོད་པའི་རྣམ་པ་དང་བསྟུན་ནས་ཞོལ་འདོད་དཔལ་ཀུང་སིས་རང་ཉིད་ཀྱི་ཐོན་རྫས་གསར་པ་འཁྱེར་ནས་ནོར་བུ་གླིང་ཁར་འགྲེམས་སྟོན་བྱས་པ་དང་།དར་གོས་ཕོ་བྲང་གི་རླུང་གཡབ་དང་གཟིམ་སྤོས་རྟགས་ཅན་སོགས་ཀྱི་ཐོན་རྫས་ལ་གྲོང་མི་དང་ཡུལ་སྐོར་བ་མང་པོའི་དགའ་བསུ་ཐོབ་ཡོད།

བོད་ལྗོངས་ཞོལ་འདོད་དཔལ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་རིག་གནས་གསར་གཏོད་པུའི་ཀྲུའུ་རེན་ཀྲའོ་ཧུའེ་ཡིས་གཟིམ་སྤོས་ཀྱི་རྒྱུ་ཆ་ནི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གཟིམ་སྤོས་ཀྱི་ཕྱེ་མ་ཡིན།ང་ཚོས་དེ་ཞིབ་ཚཊ་སུ་བཏང་ནས་ལག་པས་གཟིམ་སྤོས་བཟོས་པ་དང་ཆབས་ཅིག་དེའི་སྟེང་མཛེས་སྡུག་ལྡན་པའི་རི་མོ་བྲིས་ཡོད་པ་དེའི་ཐོག་ནས་བོད་མི་དམངས་ཀྱིས་རང་བྱུང་ཁམས་ཆེན་མོར་བཅངས་པའི་དགའ་ཞེན་མཚོན་གྱི་ཡོད་ཅེས་བཤད།

གླིང་ཁ་གཏོང་བ་དང་ཉི་མར་བསྲོ་བ་ཕུད།གྲོགས་པོ་ཆུང་ཆུང་ཚོར་ཡང་དུས་ཆེན་ནང་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་རྙེད་ཡོད།ཐང་ག་འབྲི་བ་དང་།ཤིང་བརྐོས་པར་འདེབས།བོད་ཡིག་ཡིག་གཟུགས་ཉམས་ལེན་བཅས་བྱས་ནས་ཕྲུ་གུ་ཚོར་སྒྱུ་རྩལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད་དུ་བཅུག་ཡོད།

དབྱངས་སྐྱིད་ལྷ་མོས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲིས་པའི་ཤོག་བུའི་ཐོག་ཚོན་མདངས་བྱུག་ཡོད།ཁོང་གིས་གསར་འགོད་པར་རི་མོ་འབྲི་བའི་སྐབས་མཐའ་འཁོར་ལྷིང་འཇགས་སུ་གྱུར་པ་དང་ནང་སེམས་མཚོ་མོ་ལྟར་ལྷོད་ལྷོད་དུ་གྱུར་པའི་ཚོར་སྣང་ཡོང་གི་འདུག་ཅེས་བཤད།

གྲོང་མི་ཟླ་བ་ཆོས་སྐྱིད་ཀྱིས་ཉམས་ལེན་བྱེད་སྒོར་བསྟོད་བསྔགས་ཡང་ཡང་བྱས་ཤིང་།ཁོང་གིས་བྱེད་སྒོ་དེ་ཧ་ཅང་ལེཊ་པོ་གཉེར་འདུག དེས་གྲོཊ་པོ་ཆུང་ཆུང་ཚོའི་བློ་རྩེ་གཅིག་ཏུ་སྒྲིམ་པའི་ནུས་པ་དང་གསར་རྩོམ་གྱི་ནུས་པ་ཆེ་རུ་བཏང་བར་མ་ཟད།ད་དུང་ཁོང་ཚོས་ཆུང་དུས་ནས་བོད་ཀྱི་སྒྱུ་རྩལ་དང་གཏིང་ཟབ་པའི་རིག་གནས་ལ་ཤེས་རྟོཊ་ཐུབ་ཀྱི་ཡོད་ཅེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཉིས་ཁ་འབྲལ་ཐབས་མེད་པས།རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱལ་ལ་སྐུལ་འདེད་བཏང་སྟེ།མི་རྣམས་ཀྱིས་རང་བྱུང་གི་མཛེས་སྡུག་མྱོང་རོལ་བྱེད་པའི་ཁྲོད་རིག་གནས་ཀྱི་མཛེས་སྡུག་རྟོགས་ཐུབ་པ་དང་།སེམས་ཁམས་ཀྱི་མཛེས་སྡུག་སྦྱོང་བརྡར་བྱེད་དུ་འཇུག་དགོས་ཞེས་གསུངས་ཡོད།གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།འདི་ལོའི་ཞོ་སྟོན་ལ་རིག་གནས་གསར་གཏོད་ཚོང་འདུས་དང་།རིག་གནས་གསར་གཏོད་ཐོན་རྫས་སྤུས་དག་ཁང་།མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་བཅས་ཕུད།ད་དུང་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡིས་ནོར་བུ་གླིང་ཁའི་གནའ་བོའི་སྡེབ་རིས་གསར་པའི་རིག་གནས་གླེང་སྟེགས་དང་།ལྷ་མོ་འཁྲབ་སྟོན་གྱི་སྒྱུ་རྩལ་འགྲེམས་སྟོན།ཐང་གའི་སྒྱུ་རྩལ་གྱི་རྗེས་ཤུལ་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་གཉེར་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་བོད་ཀྱི་རིག་གནས་ཀྱི་མཉེན་ཤུགས་མངོན་པར་མ་ཟད།བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཉི་མ་ཆོས་སྒྲོན་གྱིས་ཟླ་8ཚེས་4ཉིན་ནས་བཟུང་།ཞོ་སྟོན་རིང་ས་གནས་འདི་གའི་གྲོང་མི་དང་ས་ཆ་གཞན་གྱི་ཡུལ་སྐོར་བ་མང་པོ་འཛོམས་པས་ཧ་ཅང་འཁྲུག་ཆ་དོད་པོ་འདུག ཞོ་སྟོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱས་ནས་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དུས་རབས་གསར་པའི་གར་སྟེགས་ཐོག་མངོན་ནས་རིག་གནས་རྒྱུན་འཛིན་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186013.html 1 /enpproperty-->