分享按钮

རང་གྲོང་གི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ ཞིབ་བཤེར་ལས་དོན་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན། གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱིས་2024ལོའི་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་ལེན་ཐེབས་རྩའི་ཞིབ་བཤེར་ལས་དོན་ལྷ་སར་འགོ་ཚུཊ་པའི་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག 2024ལོའི་རང་སྐྱོང་ལྗོངས་ཀྱི་ཞིབ་བཤེར་ཇུས་གཞི་བརྒྱུད་བསྒྲགས་བྱས་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་ཞིབ་བཤེར་བྱ་ཡུལ་གྱི་སྒྲིག་གཞིའི་མིང་ཐོ་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་འགན་བཅོལ་ཐེབས་རྩའི་ཞིབ་བཤེར་ལས་དོན་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་པའི་སྨན་བཅོས་འགན་བཅོལ་ལས་དོན་འཕེལ་རྒྱས་བརྟན་པོ་ཡོང་བར་དམིཊ་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཞིབ་བཤེར་ལས་དོན་སྤེལ་བ་བརྒྱུད་ཞིབ་བཤེར་བྱ་རྒྱུ་དང་། ཆེད་དོན་བཅོས་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། རང་བཤེར་རང་བཅོས་དང་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ལྟ་སྐུལ་དོ་དམ་གྱི་རྣམ་པ་ཞིག་གཏོད་རྒྱུ་དེ་རེད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འབྲེལ་ཡོད་ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཞིབ་བཤེར་ལས་དོན་གྱི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། དུས་བབ་ལ་ངོས་འཛིན་གསལ་པོ་བྱས་ནས་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་གནས་བབ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ། ཚུགས་གནས་མཐོ་རུ་བཏང་ནས་ད་ལོའི་རང་གྲོང་གི་ཞིབ་བཤེར་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཡག་པོ་བསྒྲུབ་དགོས་པ། ཞིབ་བཤེར་བྱ་ཡུལ་སྨན་བཅོས་སྒྲིག་གཞི་ཁག་གིས་ད་ཐེངས་ཀྱི་ཞིབ་བཤེར་ལས་དོན་དེ་གོ་སྐབས་སུ་བྱས་ནས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་། རང་རྟོགས་ངང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་དང་ལེན་བྱེད་དགོས་པ། ཞིབ་བཤེར་ལས་དོན་གྱི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་དང་སྨན་བཅོས་འགན་བཅོལ་གྱི་གྲངས་གཞི་སོགས་གྲ་སྒྲིག་ནན་ཏན་བཅས་བྱས་ཏེ། གནད་དོན་འགེབས་པ་དང་འགན་འཁྲི་གཡོལ་ཐབས་མི་བྱེད་པ་དང་། རང་འགུལ་ངང་གནད་དོན་ངོས་འཛིན་བྱེད་པ་དང་དོན་དངོས་དང་མཐུན་པའི་གནད་དོན་བཅོས་སྒྲིག་བྱ་ཐབས་བཏོན་ཏེ་སྤུས་ཚད་འགན་ལེན་བྱས་ནས་ད་ཐེངས་ཀྱི་ཞིབ་བཤེར་གྱི་ལས་འགན་ལེགས་སྒྲུབ་བྱེད་དགོས།

གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་རྡོ་རྗེས་ཞིབ་བཤེར་ལས་དོན་གྱི་འབྲེལ་ཡོད་ཇུས་གཞི་གཞིར་བཟུང་། ཞིབ་བཤེར་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་། དབྱི་ཧྥེ་ཁ་ནད་སྒོ་བསྟེན་སྨན་བཅོས་པུའུ་སོགས་སྨན་བཅོས་སྒྲིག་གཞི་6ལ་ཞིབ་བཤེར་གྱི་ལས་དོན་སྤེལ་རྒྱུ་དང་། ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་བཤེར་བྱ་ཡུལ་སྨན་བཅོས་སྒྲིག་གཞིས་ཕྱོགས་ཡོངས་དང་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་དང་དེ་བཞིན་སྒྲུབ་གཉེར་སྒྲིག་གཞིས་ཞིབ་བཤེར་ལས་དོན་གྱི་ནང་དོན་དང་ཟུང་འབྲེལ་བྱས་ནས་རང་བཤེར་རང་བཅོས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཞིབ་བཤེར་ལས་དོན་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲབ་འཐོབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186015.html 1 རང་གྲོང་གི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ ཞིབ་བཤེར་ལས་དོན་འགོ་ཚུགས་པ། /enpproperty-->