(པར་ངོས་དང་པོར་མཐུད)ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དང་རང་བྱུང་གཅེས་ནོར་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། རིག་གནས་དང་རང་བྱུང་ཤུལ་བཞག་ལ་རྒྱུན་འཛིན་དང་བེད་སྤྱོད་བྱེད་པའི་ལས་དོན་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པར་གསོན་ཤུགས་གསར་པ་འཕེལ་བ་དང་གཟི་མདངས་གསར་པ་རབ་ཏུ་འཕྱུར་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས། རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་ལག་ལེན་དུ་བསྟར་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དུ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཉིན་ཤས་གོང་། རྒྱ་གར་གྱི་ཏི་ལི་གསར་པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་46པའི་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས་ཏེ་པེ་ཅིང་གི་དཀྱིལ་ཐིག་སྟེ་ཀྲུང་གོའི་ཕུགས་བསམ་གྲོང་ཁྱེར་གྱི་སྒྲིག་ལམ་གྱི་ཕུལ་བྱུང་བརྩམས་ཆོས་དང་། འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་འདོན་རྣམ་གྲངས་ཏེ་པ་ཏན་ཅི་ལིན་བྱེ་ཐང་སྟེ་བྱེ་རིའི་མཚེའུ་ཚོགས་པ། ཀྲུང་གོའི་ཧོང་ཧའེ་རྒྱ་མཚོའི་དུས་བྱ་འཚོ་སྡོད་ཁུལ(དུས་ཐེངས་གཉིས་པ)བཅས《འཛམ་གླིང་ཤུལ་བཞག་གི་མིང་ཐོའི》ནང་བཅུག་པས་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་གི་བསྡོམས་འབོར་ཁག་59ཟིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社