分享按钮

ཞོ་སྟོན་རིང་ལྷ་མོའི་འཁྲབ་སྟོན་ལ་མྱོང་རོལ་བྱས་པ།

(པར་ངོས་དང་པོར་མཐུད)པར་ཆས་ལ་བརྟེན་ནས་སྐྱིད་སྣང་དོད་པའི་དུས་སྐབས་འདི་ཟིན་ཐོར་བཀོད་པར་མ་ཟད། བོད་ཀྱི་ལྷ་མོའི་རིག་གནས་འདི་རྒྱ་ཆེ་ཞིང་གཏིང་ཟབ་པོ་ཡོད་པའི་ཚོར་སྣང་ཟབ་མོ་ཡང་བྱུང་ཞེས་བཤད།

ཡུལ་སྐོར་བ་མཁྱེན་ལྡན་མ་ཧུའུ་ལགས་ཀྱིས་དེ་རིང་ཞོགས་པར་རྟ་རྒྱུག་ཐང་དུ་རྟ་རྒྱུག་འགྲན་བསྡུར་ལ་ལྟ་བར་ཕྱིན་པ་ཡིན། དེ་གར་སྤྲོ་སྣང་ཟབ་མོ་ལྡན་པ་དང་མི་ཚོགས་ཀྱིས་ཁེངས་འདུག དེའི་རྗེས་སུ་ཆེད་མངགས་འདི་གར་ལྷ་མོའི་འཁྲབ་སྟོན་ལ་ལྟ་བར་ཡོང་བས་ཧང་སངས་དགོས་པ་ཞིག་བྱུང་ཞེས་བཤད། ཁོང་གིས་འགྲུལ་བཞུད་བཀོད་སྒྲིག་བྱས་པ་དེའི་ཐོག་ནས་བོད་ཀྱི་རིག་གནས་ལ་དགའ་པོ་ཆེན་པོ་ཡོད་པ་མཚོན་ཐུབ། ཁོང་གིས་འདིའི་རྗེས་སུ་ང་རང་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་དུ་ཡུལ་སྐོར་དུ་བསྐྱོད་དེ་སྔར་བས་གཏིང་ཟབ་པའི་སྒོ་ནས་བོད་ཀྱི་རིག་གནས་ལ་མྱོང་རོལ་བྱ་རྒྱུ་ཡིན་ཞེས་བཤད། ཁོང་གི་རེ་སྒུག་ལས་ཡུལ་སྐོར་བ་དེ་བས་མང་བའི་བསམ་འདུན་མཚོན་ཡོད་པ་དང་། ཞོ་སྟོན་རིང་གི་བོད་ཀྱི་ལྷ་མོའི་གསོལ་སྟོན་དེ་ནི་བོད་ཀྱི་རིག་གནས་ལ་འཚོལ་ཞིབ་བྱེད་པའི་སྐར་ཁུང་ཡག་ཤོས་ཤིག་ཏུ་གྱུར་ཡོད།

ཞོ་སྟོན་རིང་གི་བོད་ཀྱི་ལྷ་མོས་ལྷ་སའི་གྲོང་མི་དང་ཡུལ་སྐོར་བར་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩིའི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པར་མ་ཟད། རང་ལྗོངས་ཀྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་པའི་ལག་ལེན་ཞིག་ཏུ་ཡང་གྱུར་ཡོད། བོད་ཀྱི་ལྷ་མོའི་སྒྱུ་རྩལ་རྒྱུན་ཆད་མེད་པར་དར་རྒྱས་དང་གོང་འཕེལ་གཏོང་བ་དང་བསྟུན་ནས་རང་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་དེ་བྱེད་སྟངས་གསར་རྐྱང་ཞིག་གི་ཐོག་ནས་འཛམ་གླིང་ཐོག་སྐྱོད་བཞིན་ཡོད་པས། མི་དེ་བས་མང་བས་དེའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱུང་ཡོད། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལམ་བུའི་ཐོག་ཞོ་སྟོན་རིང་གི་བོད་ཀྱི་ལྷ་མོ་དེ་ཡང་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད་ལ། བོད་ཀྱི་རིག་གནས་ལ་ཡིད་ཆེས་དང་ཡིད་དབང་འཕྲོག་ཤུགས་མངོན་པའི་མིང་བྱང་ལྟ་བུ་ཞིག་ཏུ་ཡང་འགྱུར་བཞིན་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186011.html 1 ཞོ་སྟོན་རིང་ལྷ་མོའི་འཁྲབ་སྟོན་ལ་མྱོང་རོལ་བྱས་པ། /enpproperty-->