分享按钮

མཐོ་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཤ་རིགས་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཆེད་དོན་བཅོས་སྒྲིག་དང་བཟའ་བཅའི་བདེ་འཇགས་ཀྱི་གཅིག་སྡུད་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་།ཁོངས་གཏོགས་ཁུལ་གྱི་ཤ་རིགས་གཉེར་སྐྱོང་ཁེ་ལས་དང་ཞིང་ཞོར་ཁྲོམ་རའི་འགན་འཁུར་བ་གཙོ་བོ་ཁྱོན་མི་30ལྷག་ཙམ་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག ལྗོངས་དང་གྲོང་ཁྱེར་གྱི《ཤ་རིགས་ཐོན་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་ལག་བསྟར་ཇུས་གཞི》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཤ་རིགས་ཐོན་རྫས་གཉེར་སྐྱོང་ཁེ་ལས་ཀྱིས་རང་བཤེར་བཅོས་སྒྲིག་དང་ལྟ་སྐུལ་ཞིབ་བཤེར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་དང་དུས་མཚུངས་ཆེད་དོན་བཅོས་སྒྲིག་དང་ཟུང་འབྲེལ་བྱས་ནས་དུས་འགོའི་ཁྲོམ་རའི་ཤ་སོས་པ་དང་། བསྙལ་ཤ། ནོར་ཤ་དང་ལུག་ཤ་སོགས་ལ་ཆེད་དོན་འཐེན་བཤེར་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། དེ་རྗེས་འབྲེལ་ཡོད་འགན་འཁུར་བས་ཤ་རིགས་ཐོན་རྫས་ཁེ་ལས་ཀྱི་གཉེར་སྐྱོང་ཁོར་ཡུག་དང་། མ་བཅོས་རྒྱུ་ཆ་ཉོ་སྒྲུབ། བརྒྱུད་རིམ་ཚོད་འཛིན། ཐོན་རྫས་ལ་ཞིབ་བཤེར། བཟའ་བཅའི་བདེ་འཇགས་ཀྱི་ལས་འཛོལ་ཐག་གཅོད། བཟའ་བཅའི་མཚོན་རྟགས་བཀོད་པ་སོགས་ལ་དམིགས་ནས་ཆེད་ལས་ཀྱི་གསོ་སྦྱོང་བྱས་པ་རེད།

པའེ་དབྱི་སྒོ་རྩིས་ཚོང་ཁང་སྣེའུ་ཚོང་ཁང་གི་ཚོང་པ་ཀྲོའུ་ཅུན་ཐའོ་ཡིས་དེ་རིང་གི་གསོ་སྦྱོང་བྱས་པ་བརྒྱུད། ང་ཚོས་ད་དུང་ཡག་པོ་སྒྲུབ་མ་ཐུབ་པའི་གནས་མང་པོ་ཡོད་པ་ཤེས་རྟོགས་བྱུང་། ལས་གནས་ཐོག་ལོག་རྗེས་ང་ཚོས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་བཟའ་བཅའ་ཚོང་རར་ཕྱིར་ཚོང་ཐོན་རྫས་ཀྱི་ཡིག་ཚགས་དང་རྩིས་ཐོ་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱུན་གཏན་ཚོང་ཟོག་འཐེན་སྐབས་ཞིབ་བཤེར་དང་སྤ་སེ་ལེན་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ།ཚད་ལྡན་མིན་པའི་ཤ་རིཊ་ཚོང་གཉེར་གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།

གསོ་སྦྱོང་བྱས་པ་བརྒྱུད།ཤ་རིགས་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་གི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་ནས་ཁྲོམ་རའི་བྱེད་པོའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186009.html 1 མཐོ་གསར་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཤ་རིགས་བཟའ་བཅའི་བདེ་འཇགས་ཀྱི་གསོ་སྦྱོང་བྱས་པ། /enpproperty-->