分享按钮

གྲོང་སྤྱིའི་གཞུང་དོན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ།

(པར་ངོས་དང་པོར་མཐུད)མཉམ་དུ་དམ་འཛིན་དང་དོ་དམ་བཅས་བྱེད་པའི་དོ་དམ་གྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འབྱུང་རྩ་བཅོས་སྐྱོང་ལ་སྣང་ཆེན་བྱེད་པ་དང་། ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཕྲུལ་སྒུལ་འཁོར་རིགས་ལ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་རང་བཞིན་དང་། ལུགས་མཐུན་རང་བཞིན། ལྟ་ཞིབ་ཚད་ལེན་མ་ལག་གི་གཞི་གྲངས་ལུགས་མཐུན་རང་བཞིན་བཅས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ་དང་འབྲེལ་ཡོངས་བསྒྲགས་ངང་དམར་རྗེན་དུ་བཏོན་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་འབུད་ཞིབ་བཤེར་ལས་ཁུངས་ཀྱིས་སྒྲིག་སྲོལ་ལ་བརྩི་སྲུང་དང་ཁྲིམས་སྲུང་གི་འདུ་ཤེས་གོང་མཐོར་གཏོང་དགོས། སྲིད་ཇུས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རིམ་པ་ཁག་དང་ཚན་པ་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྐུལ་ལྕག་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་། ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་པ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུཊ་ཆེ་རུ་གཏོང་བ། ནུས་རྒྱུ་གསར་པའི་རླངས་འཁོར་བེད་སྤྱོད་བྱ་རྒྱུ་ཁྱབ་གདལ་དུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན།ལྟེ་བའི་གྲོང་ཁུལ་གྱི་ཆུ་འབུད་མདོང་ལམ་ལ་གྲལ་བཤེར་དང་བརྟག་དཔྱད་ལས་དོན་སྤེལ་དོན་ནི་གྲོང་ཁྱེར་གྱི་ནུས་པ་དང་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་།དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་བའི་དགོས་མཁོ་ཞིག་ཡིན་ལ་བཙོག་ཆུ་གཙང་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་འབྱུང་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན།ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་དང་ཐག་གཅོད་བྱེད་དགོས་ཤིང་། དོན་དངོས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ།ཆུ་འབུད་མདོང་ལམ་གྱི་གནད་དོན་མི་འདྲ་བར་དམིགས་ནས་གནད་སྨིན་གྲལ་བཤེར་དང་རིགས་དབྱེ་བཅོས་སྐྱོང་བྱེད་དགོས་པ་དང་། ཚོད་ལྟའི་མ་དཔེ་གཏོད་དགོས་ཤིང་། ཚོད་ལྟ་དང་། ཕྱོགས་བསྡོམས། ལེགས་བཅོས་བཅས་བྱས་ཏེ། འདྲ་བཟོ་དང་།ཁྱབ་གདལ།རྒྱུན་མཐུད་བཅས་ཀྱི་ཚོད་ལྟའི་ཉམས་མྱོང་ཞིག་ཆགས་པར་བྱེད་དགོས་པ། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་དགོས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་ལྡོག་ཕྱོགས་ཀྱི་གནད་དོན་དེ་དྲང་ཕྱོགས་ཀྱི་རྣམ་གྲངས་སུ་བསྒྱུར་རྒྱུར་བརྩོན་ལེན་བྱེད་པ་དང་། རྣམ་གྲངས་ཇུས་འགོད་དང་ལག་བསྟར་ལ་བརྟེན་ནས་གནད་དོན་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བ། གྲོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱས་ཏེ།མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་ཆེ་རུ་གཏོང་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ལི་ཅང་ཤིན་དང་ཀྲའོ་ཧྲི་ཏུང་ཚོགས་འདུར་ཞུགས་ཡོད་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186007.html 1 གྲོང་སྤྱིའི་གཞུང་དོན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ། /enpproperty-->