(པར་ངོས་དང་པོར་མཐུད)ཆབས་ཅིག་དེའི་ཁྲོད་ནས་འབད་བརྩོན་གྱི་སྒུལ་ཤུགས་ཉམས་ལེན་བྱས་ཡོད་པ་རེད། བོད་ལྗོངསའབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་ལས་དོན་པ་ཚེ་བརྟན་བུ་ཁྲིད་ཀྱིས་ཞོ་སྟོན་རིང་ང་ཚོའི་རྟེན་རྫས་བཤམས་མཛོད་ཁང་དུ་གནས་སྐབས་ཀྱི་འགྲེམས་སྟོན་གཉིས་ལ་ལྟད་མོ་བ་ཚོས་ལྟ་སྐོར་བྱེད་ཆོག་གི་ཡོད། ཤོག་དྲས་སྒྱུ་རྩལ་གྱི་འགྲེམས་སྟོན་ནི་ང་ཚོའི་རྟེན་རྫས་བཤམས་མཛོད་ཁང་གིས་ཕུའུ་དབྱང་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་འབྲེལ་བྱས་པ་ཞིག་ཡིན་ཞིང་།བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་སྐུ་ཞབས་ཀྲུའུ་ཁུན་དབྱིན་གྱིས་གསར་རྩོམ་བྱས་པའི་ཤོག་དྲས་སྒྱུ་རྩལ་བརྩམས་ཆོས་ཁྲོད་སྤུས་ལེགས་ཀྱི་བརྩམས་ཆོས་བདམས་ནས་ལྷ་སར་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་རེད། གཞན་ཡང་ང་ཚོའི་རྟེན་རྫས་བཤམས་མཛོད་ཁང་གིས་ད་དུང་ནན་ཁྲང་ཤིན་སི་ཅུན་གྱི་གསར་བརྗེའི་རིག་གནས་ཀྱི་འགྲེམས་སྟོན་ནང་འདྲེན་བྱས་ཡོད། འགྲེམས་སྟོན་དེ་གཉིས་འགྲེམས་སྟོན་བྱས་པ་ནས་བཟུང་ལྟད་མོའི་བའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བཤད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཞོ་སྟོན་རིང་རྒྱ་ཆེའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་མང་ཚོགས་ཀྱི་ངལ་གསོའི་རིང་གི་རིག་གནས་ཀྱི་དགོས་མཁོ་སྐོང་ཆེད། བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་རེའི་སྒོ་ཕྱེ་བའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་10པ་ནས་ཕྱི་དྲོའི་ཆུ་ཚོད་17བར་ཡིན་པ་དང་།ཕྱི་དྲོའི་ཆུ་ཚོད་16དང་སྐར་མ་30ཡི་ཐོག་འགྲེམས་སྟོན་བྱེད་མཚམས་འཇོག་གི་ཡོད། ལྟ་སྐོར་བྱེད་པར་སྔོན་མངགས་བྱེད་དགོས་ཀྱི་མེད། ཐོབ་ཐང་ལག་ཁྱེར་འཁྱེར་ནས་སྤ་སེ་བླངས་རྗེས་འགྲེམས་སྟོན་ཁང་དུ་འཛུལ་ཆོག་གི་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社