分享按钮

གྲོང་ཁྱེར་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་བཀོད་གཏོང་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཟླ་རེའི་རྩིས་བཤེར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་དམིགས་ཚད་བཀོད་གཏོང་དང་ལས་ཀའི་རྩིས་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཡུན་ལྡོག་སྒྲིག་དང་དོ་ནན་ཆེན་པོས་སྐུལ་འདེད་བཏང་སྟེ་ལས་དོན་ཁག་སེམས་ནང་གདེང་ཚོད་ཡོད་པ་དང་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། ཆེད་དོན་ལས་དོན་ཚོགས་ཆུང་11གིས་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།སེམས་ཤུགས་གཅིག་སྒྲིལ་གྱིས་གཞི་རིམ་གྱི་མཐུན་སྦྱོར་དཀའ་བ་དང་། ཐག་གཅོད་དཀའ་བ། དོན་འཁྱོལ་དཀའ་བ་བཅས་ཀྱི་ལས་དོན་ལ་ཞིབ་འཇུག་དང་སྐུལ་འདེད་ཡག་པོ་གཏོང་དགོས།

དམིགས་ཚད་སྒྲུབ་པར་འབད་བརྩོན་བྱེད་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་དམིགས་ཚད་སེམས་ལ་འཇོག་པ་དང་ལག་ཏུ་དམ་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།དམིགས་ཚད་ལེགས་གྲུབ་བྱུང་ཚུལ་ལ་རེ་རེ་བཞིན་དུ་དབྱེ་ཞིབ་དང་། དམིགས་ཚད་ཀྱི་ཞན་ཆ་དང་མི་འདང་ས་རེ་རེ་བཞིན་དུ་ཞིབ་འཇུག དམིགས་ཚད་རིམ་སྤོར་བྱེད་ཐབས་རེ་རེ་བཞིན་དུ་འཚོལ་ཞིབ་བཅས་བྱས་ནས་ལེགས་ཆ་ལྡན་པའི་དམིགས་ཚད་ལ་མུ་མཐུད་ཤུགས་རྒྱག་པ་དང་རྗེས་ལུས་ཐེབས་པའི་དམིགས་ཚད་ལེགས་ཕྱོགས་སུ་བསྐྱར་འཕར་ཡོང་བར་འགན་ལེན་བྱེད་དགོས།

འབད་བརྩོན་ཏན་ཏིག་བྱེད་དགོས་ཤིང་། ལས་དོན་དངོས་སུ་བསྒྲུབས་ནས་ཕན་འབྲས་ཐོན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ།ཕན་ཡོད་ཀྱི་གོ་སྐབས་མཐའ་དག་དམ་འཛིན་དང་ཕན་ཡོད་ཆ་རྐྱེན་མཐའ་དག་བེད་སྤྱོད་བྱས་ནས་མགྱོགས་མྱུར་ངང་རྣམ་གྲངས་ལ་དམ་འཛིན་དང་། བུ་ལོན་གསབ་ནས་ཐོན་ལས་སྟོབས་ཆེར་གཏོང་བ། དུས་ཐོག་ཏུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། སེམས་རྣལ་དུ་ཕབ་ནས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཐོག་དངོས་སྒྲུབ་ཀྱི་ནུས་པ་དེ་དཔལ་འབྱོར་གྱི་འཕར་ཚད་སུ་བསྒྱུར་གང་ཐུབ་བྱེད་དགོས།

སྤྱོད་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུ་དེ་དངོས་སྒྲུབ་དང་། མྱུར་ཚད། སྤུས་ཚད་བཅས་ཀྱི་ཐོག་ནས་མཚོན་པ་དང་། ཉམས་སད་ཐེག་པའི་སྤྱོད་ཚུལ་དང་རྣམ་འགྱུར་དངོས་ཀྱི་ཐོག་ནས་དམིགས་འབེན་རེ་རེ་བཞིན་ལ་དབྱེ་ཕྲལ་དང་། ལས་འགན་རེ་རེ་བཞིན་དོན་འཁྱོལ་བྱེད་པ། གནས་ཚིགས་རེ་རེ་བཞིན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་གནད་ལ་འཁེལ་བར་དམ་འཛིན་དང་། དམ་འཛིན་མཐར་ཕྱིན་བྱེད་པ། ཕན་འབྲས་ཐོན་ཐུབ་པ་བཅས་ཏན་ཏིག་བྱེད་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཝང་མིང་ཀྲེ། ཀྲའོ་ཧུའེ་ཉན། ཁྲེན་ཅིན། ཧོ་ཧྥུང་། འཇམ་དབྱངས་བློ་གྲོས། དགྲ་འདུལ། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ལི་ཅང་ཤིན། སྐལ་བཟང་ཚེ་བརྟན། མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་ཡོད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186005.html 1 གྲོང་ཁྱེར་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་བཀོད་གཏོང་ཚོགས་འདུ་འཚོགས་པ། /enpproperty-->