分享按钮

སྟོད་ལུང་བདེ་ཆེན་ཆུས་ཆེད་དོན་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་།རྒྱ་ཆེའི་ཏང་ཡོན་དང་།ལས་བྱེད་པ།མང་ཚོགས་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་།དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་།སྒྱུར་བཅོས་བྱེད་ཐབས་ཁག་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་ཆེད།ཉེ་ཆར།སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱས་ནས་མིག་སྔའི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུའི་ཐོག་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་དང་འཆད་ཁྲིད་དགེ་རྒན་ཁྲེན་ལེ་ཆེད་མངགས་གདན་དྲངས་ནས་གཙོ་དོན་སྒྲོག་འགྲེལ་བྱས་པ་དང་།སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་རྡལ(ཁྲོམ་གཞུང)ཁག་གི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་ཁོངས་མི།སྟོད་ལུང་བདེ་ཆེན་ཆུས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཁྱོན་40ལྷག་ཙམ་སྒྲོག་འགྲེལ་ནང་ཞུགས་ཡོད་པ་རེད།ཁྲེན་ལེ་ཡིས་སྒྲོག་འགྲེལ་གྱི་གཙོ་དོན་ལ་དམ་པོར་དམིགས་པ་དང་།སྟོད་ལུང་བདེ་ཆེན་ཆུས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།གསོན་ཉམས་དོད་པའི་དཔེ་མཚོན་དང་ཞིབ་ཕྲའི་གྲངས་གཞི་སྤྱད་དེ་ཇི་ལྟར་བལྟ་བའི་ཐད་སྒྱུར་བཅོས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྒྱུར་བཅོས་ཀྱི་རང་འགུལ་ཆེ་རུ་གཏོང་དགོས་པ་དང་།ཇི་ལྟར་བསྒྲུབ་དགོས་པའི་ཐད་དུས་རབས་ཀྱི་གཙོ་དོན་དང་དམ་པོར་སྦྲེལ་ནས་སྒྱུར་བཅོས་ཀྱི་གཙོ་གནད་ལ་དམིགས་དགོས་པ།དམ་འཛིན་ཇི་ལྟར་བྱ་རྒྱུའི་ཐད་འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་སྒྱུར་བཅོས་དོན་འཁྱོལ་བྱེད་དགོས་པ་བཅས་ཕྱོགས་གསུམ་ཐད་དམ་འཛིན་ཡག་པོ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གསལ་འགྲེལ་གཏིང་ཟབ་དང་དཔེ་སྟོན་སྒྲོག་འགྲེལ་བྱས་ཡོད།སྒྲོག་འགྲེལ་གྱི་གོ་རིམ་གསལ་བ་དང་།གོ་བདེ་ལ་གཏིང་ཟབ་པ།གོ་བ་ལེན་སླ་བས།ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་ལེན་པའི་ཐད་ངོས་འཛིན་སྔར་ལས་གསལ་པོ་དང་གཏིང་ཟབ་བྱུང་བ་རེད།སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱོད་ཚུལ་གཞུང་དོན་ཁང་གི་འགན་འཁུར་བ་ཧོ་ཅིན་གྱིས་དགེ་རྒན་ཁྲེན་ལེ་ཡི་སྒྲོག་འགྲེལ་གོ་སླ་བས་ང་ལ་ཕན་པ་མང་པོ་ཐོབ་བྱུང་།སླད་ཕྱིན།ངས་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས་སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་གོ་སྐབས་དང་།འགན་འཁྲིའི་འདུ་ཤེས།ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་།སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ།རང་འགན་གཙང་སྒྲུབ་བཅས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ཐུབ་པར་བྱས་ཏེ།སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཚང་མས་ཐེངས་འདིའི་སྒྲོག་འགྲེལ་ནི་གནད་ལ་འཁེལ་བའི་ཟུར་ཁྲིད་ཅིག་ཡིན་ལ་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཀྱང་ཡིན།སླད་ཕྱིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཇི་མ་ཇི་བཞིན་དང་།ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པ། བསམ་གཞིག་གཏིང་ཟབ་པ།དོན་དངོས་དང་ཟུང་འབྲེལ་བཅས་ཀྱིས་སློབ་སྦྱོང་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ་དང་།བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཐོག་གཅིག་སྒྲིལ་བྱེད་པ་དང་།རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་སློབ་གསོ་དང་དྲིལ་བསྒྲགས་སྒྲོག་འགྲེལ་སྒྲིག་འཛུགས་བྱས་ཏེ།སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སེམས་སུ་ཟུག་པ་དང་རྩ་བ་ཚུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c186003.html 1 སྟོད་ལུང་བདེ་ཆེན་ཆུས་ཆེད་དོན་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ། /enpproperty-->