分享按钮

ཞོ་སྟོན་རིང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་བཏོད་པ།

2024ལོའི་ལྷ་སའི་ཞོ་སྟོན་གྱི་རིམ་སྤེལ་བྱེད་སྒོའི་མཐོང་ཐོས།

པར་འདི་ནི་གྲོང་མིས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཉོ་བཞིན་པའི་གནས་ཚུལ་ཡིན་པ།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་གལ་ཆེན་ཞིག་རེད།འདི་ལོ་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་ཡིས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་པ་དང་།རིག་གནས་ཡུལ་སྐོར་དང་ཟུང་འབྲེལ་གྱི་གསར་གཏོད་ཐབས་ལམ་བརྒྱུད་བོད་མི་རིགས་ཀྱི་རིག་གནས་ཀྱི་སྙིང་བཅུད་སྔོག་འདོན་དང་རྒྱུན་འཛིན་གཏིང་ཟབ་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་རིག་གནས་དང་།ཡུལ་སྐོར།དཔལ་འབྱོར་ཉོ་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་ལེགས་སྐྱེས་སུ་ཕུལ་ཡོད།ཟླ་8ཚེས་5ཉིན་གྱི་དགོང་མོ་བར། ནོར་བུ་གླིང་ཁས་ཚེས་4དང་5ཉིན་ཁྱོན་ཡུལ་སྐོར་བ་87298ལ་བསུ་བ་ཞུས་ཡོད།

ནོར་བུ་གླིང་ཁར་སྐྱོད་སྐབས་ཞོ་སྟོན་གྱི་རིག་གནས་གསར་གཏོད་ཚོང་འདུས་འཁྲུག་ཆ་ཧ་ཅང་དོད་ཅིང་།ལྷབ་ལྷུབ་ཏུ་གཡོ་བའི་ཚོན་ཁྲ་ཅན་གྱི་དར་ཆའི་འོག་དཀར་ཡོལ་གྱི་ཡོ་ཆས་དང་།རྩེད་ཆས།ཟས་རིགས།རིག་གནས་གསར་གཏོད་ཀྱི་ཐོན་རྫས་བཅས་མིག་ལམ་དུ་བཀྲག་མདངས་རབ་ཏུ་འཚེར་བ་ཞིག་ཡོད།བོད་ལྗོངས་མཐོ་སྒང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་བཙོངས་པའི་བོད་ཡིག་ཡིག་གཟུགས་ཡོ་བྱད་ལ་སྐུ་མགྲོན་ཁག་གཅིག་གིས་བློ་འདྲི་དང་ཉོ་སྒྲུབ་བྱེད་པའི་ཡིད་དབང་བཀུག་པར་མ་ཟད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 2024ལོའི་ལྷ་སའི་ཞོ་སྟོན་གྱི་རིམ་སྤེལ་བྱེད་སྒོའི་མཐོང་ཐོས། 6 6 拉萨日报藏文 c185998.html 1 ཞོ་སྟོན་རིང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་བཏོད་པ། /enpproperty-->