分享按钮

གྲོང་སྤྱིའི་གཞུང་དོན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་6ཉིན།ཝང་ཆང་གིས་གྲོང་སྤྱིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ཕྱིར་འབུད་ཀྱི་ཆེད་དོན་བཅོས་སྒྲིག་དང་ལྟེ་བའི་གྲོང་ཁུལ་གྱི་ཆུ་འབུད་མདོང་ལམ་གྱི་གྲལ་བཤེར་བརྟག་དཔྱད་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འཕྲུལ་སྒུལ་འཁོར་རིགས་ཀྱི་སྦགས་བཙོག་ཕྱིར་འབུད་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ནི་སྤྱི་ཚོགས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། མ་ལག་རང་བཞིན་བཅས་ཀྱི་ལས་དོན་ཞིག་ཡིན་པས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཆེན་པོ་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་འགག་སེལ་ཟུང་འབྲེལ་དང་ལྷུ་ཚིགས་མང་པོར་བཅོས་སྐྱོང་བྱས་ཏེ།བཅོས་སྒྲིག་བྱེད་ཐབས་ཁག་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས། མཉམ་འགུལ་ལམ་སྲོལ་འཛུགས་དགོས་ཤིང་། འབྱུང་ཁམས་ཁོར་ཡུག་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཚན་པས་མཉམ་འབྲེལ་ཐོག་ཁྲིམས་འཛིན་དང་།མཉམ་འགུལ་དོ་དམ་དང་ཚོད་འཛིན། གནས་ཚུལ་བརྡ་ཁྱབ། ཆ་འཕྲིན་མཉམ་སྤྱོད་བཅས་མཐུན་སྦྱོར་གྱི་བཅོས་སྐྱོང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་བརྒྱུད་རིམ་ཁ་གསལ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། རང་འགན་སོ་སོས་སྒྲུབ་པ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-08 6 6 拉萨日报藏文 c185997.html 1 གྲོང་སྤྱིའི་གཞུང་དོན་ཁང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ། /enpproperty-->