分享按钮

བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་2024ལོའི་དབྱར་གསེང་སྒར་རྒྱག་བྱེད་སྒོ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། “ཚན་རིག་བརྟག་དཔྱད”བརྗོད་བྱ་གཙོ་བོར་བྱས་པའི་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་དབྱར་གསེང་སྒར་རྒྱག་བྱེད་སྒོ་འགོ་ཚུགས་པ་རེད།

ཐེངས་འདིའི་དབྱར་གསེང་སྒར་རྒྱག་བྱེད་སྒོར་ལྗོངས་ཕྱི་ནང་ནས་ཡོང་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་30ལྷག་ཙམ་ཞུགས་ཤིང་། སློབ་མ་ཚོས་སློབ་གྲྭའི་ཕྱི་དང་སློབ་གྲྭའི་ནང་གི་བྱེད་སྒོ་ཟུང་འབྲེལ་གྱིས་འགྲེམས་ཁང་ནང་དུ་སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་གསོན་པོར་བལྟས་རྗེས། ཚན་རྩལ་དང་སྣོད་བཅུད་ལ་སྔར་བས་རྒྱུས་ལོན་ཐུབ་ཡོད། དེ་རྗེས་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་བཀོད་སྒྲིག་ཞིབ་ཚགས་འོག སློབ་མ་ཚོས་ངོ་མཚར་ཆེ་བའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་རབ་དང་རིམ་པར་ཞུགས་ནས་རང་བྱུང་ཚན་རིག་ལ་བཅངས་པའི་སྤྲོ་བ་འཕེལ་བར་བྱས་ཡོད།

དབྱར་གསེང་སྒར་རྒྱག་བྱེད་སྒོ་དེས་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་དང་ལག་ལེན་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ད་དུང་ཁོང་ཚོའི་མཉམ་ལས་ཀྱི་སྙིང་སྟོབས་དང་གསར་གཏོད་ཀྱི་འདུ་ཤེས་ཀྱང་གསོ་སྐྱོང་ཐུབ་པས། གཞོན་ནུ་ལོ་ཆུང་གི་རང་བྱུང་ཚན་རིག་དང་ཚན་རྩལ་གསར་གཏོད་སློབ་གསོ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད།

སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་གི་སློབ་མ་བཀྲ་ཤིས་རྒྱལ་མཚན་གྱིས། ཐེངས་འདིའི་དབྱར་གསེང་སྒར་རྒྱག་བྱེད་སྒོར་ཞུགས་པ་བརྒྱུད། དཔེ་དེབ་ཐོག་ནས་རྟོགས་མི་ཐུབ་པའི་ཤེས་བྱ་མང་པོ་ཞིག་རྟོགས་པ་དང་། ད་དུང་སློབ་གྲྭ་མི་འདྲ་བའི་སློབ་མ་མང་པོ་དང་གྲོགས་པོ་བསྒྲིགས་ཐུབ་བྱུང་ལ། སྤྲོ་སྣང་ལྡན་པའི་ལག་ལེན་གྱི་བྱེད་སྒོ་རབ་དང་རིམ་པ་ལས་རང་བྱུང་ཁམས་ཆེན་མོའི་ངོ་མཚར་ཡང་ཚོར་བྱུང་། ངས་ད་རེས་ཀྱི་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་བྱེད་སྒོ་ཁག་ལ་མུ་མཐུད་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-07 6 6 拉萨日报藏文 c185991.html 1 བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་གི་2024ལོའི་དབྱར་གསེང་སྒར་རྒྱག་བྱེད་སྒོ་འགོ་ཚུགས་པ། /enpproperty-->