(པར་ངོས་དང་པོར་མཐུད)ཁང་པའི་ནང་བརྙན་འཕྲིན་དང་འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མ་སྣ་ཁ་འཛོམས་ཡོད་པར་མ་ཟད། ཤ་རིགས་དང་བཟའ་བཅའ་གྲལ་འགྲིག་པོས་བཞག་ཡོད། ཚེ་དབང་ནོར་བུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་བསལ་ཐུགས་ཁུར་དང་ཏང་གི་སྲིད་ཇུས་བཟང་པོས་དེ་སྔ་འཚོ་བར་དཀའ་ངལ་ཡོད་པའི་ང་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་བར་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་སྣ་ཚོགས་ཀྱང་ལོངས་སུ་སྤྱོད་རྒྱུ་ཡོད་པས།སླད་ཕྱིན་གྱི་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།ཡན་ཅིན་ཧའེ་ཡིས་ཚོར་སྣང་ཟབ་མོའི་སྒོ་ནས་ཚང་མས་བཀའ་དྲིན་ཚོར་བ་དང་ཕན་པ་གང་ནས་བྱུང་བ།ཕན་པ་སུ་ལ་ཐོབ་པ། དྲིན་ལན་སུ་ལ་འཇལ་དགོས་པ་བཅས་གསལ་པོ་ཤེས་པར་བྱས་ཏེ་ཏང་གི་བཀའ་ལ་ཉན་དགོས་ཞེས་གསུངས། ཁོང་གིས་དུས་ངེས་མེད་དུ་མཉམ་སྐྱོད་མི་སྣར་གྲོང་མིའི་སྡོད་ཁང་ནང་ཁུལ་གྱི་བར་སྟོང་ཁུལ་དབྱེ་ལུགས་དང་མི་མཐུན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཁྲི་སྟོང་ལས་གཞིའི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་ཡུལ་མིའི་སྡོད་ཁང་གི་ད་ཡོད་རྒྱ་ཁྱོན་བེད་སྤྱད་དེ་ཡུལ་མིའི་སྡོད་ཁང་གི་ནུས་པ་དབྱེ་ཁུལ་གྱི་ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱིས་རང་རྟོགས་ངང་སྐྱོན་བྲལ་དང་ཤེས་དཔལ་གྱི་སྲོལ་གསར་གཏོད་རྒྱུར་སྔར་བས་སྐུལ་ཁྲིད་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社