(པར་ངོས་དང་པོར་མཐུད)རྐང་ཐང་མར་གང་འདོད་དུ་གཞུང་ལམ་འཕྲེད་བརྒལ་དང་། གློག་དམར་བརྒལ་བ། གློག་སྒུལ་སྦག་སྦག་བཞོན་ནས་རྨོག་ཞྭ་མི་གྱོན་པ་སོགས་ཚུལ་མིན་བྱེད་སྤྱོད་ལ་ཡོ་བསྲང་དང་སློབ་གསོ་གནང་བར་མ་ཟད། འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་གསལ་བཤད་གནང་བ་རེད།
དེ་རྗེས་འཚོགས་པའི་ཡུལ་དངོས་ཀྱི་སྐུལ་སྤེལ་ཚོགས་འདུའི་ཐོག ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་རེ་འདུན་ལ་ལན་སློག་པར་དམིགས་ནས་བཟོས་པའི་ལས་ཀའི་ཐབས་ཇུས་ཤིག་ཡིན། བཅོས་སྒྲིག་བྱ་སྤྱོད་སྤེལ་བ་ནས་བཟུང་རིམ་པ་ཁག་དང་། སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་རྒྱབ་སྐྱོར་འོག་ཕན་འབྲས་ངེས་ཅན་ཐོབ་ཡོད། འོན་ཀྱང་གྲོང་མི་ཁག་གཅིག་གིས་གློག་སྒུལ་སྦགསྦག་བཞོན་ནས་རྨོག་ཞྭ་མི་གྱོན་པ་དང་། གཞུང་ལམ་སྒྲོལ་སྐབས་གློག་དམར་ལ་བརྩི་སྲུང་མི་བྱེད་པ།ཐ་ན་གནས་སྐབས་ཚོང་པས་ལམ་བཞི་མདོ་གལ་ཆེན་དུ་ཚོང་འདོན་པའི་གནད་དོན་དེས་ལྷ་ས་གྲོང་ཁྱེར་གྱི་གཟུགས་བརྙན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་ལྷག་པར་དུ་ལྷ་སའི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི་ཁོར་ཡུག་ཆེན་པོ་དང་གཏན་ནས་མཐུན་གྱི་མེད་པ་རེད་ཅེས་གསུངས་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནུས་ཤུགས་ཡོད་རྒུས་བྱ་སྤྱོད་ནང་ཞུགས་དགོས་པ་དང་། སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་ཁོར་ཡུག་བཟང་པོ་བཏོད་དེ་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཁ་ལོ་བ་དང་རྐང་ཐང་མའི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཟབ་ཏུ་ནུས་ལྡན་གཏོང་དགོས། ཚད་མཐོའི་མཐོང་ཆེན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུཊ་སྣོན་རྒྱག་པ་དང་། འགན་འཁྲི་ལས་བགོས་ཁ་གསལ་བཟོ་བ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུཊ་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུཊ་ཆཊ་པར་བྱ་དགོས། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། བྱེད་པོའི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ། མ་རབས་ཀྱི་འགྲིམ་འགྲུལ་གྱི་དཀའ་གནད་དང་བཀག་རྒྱ་སེལ་བ། ཐུན་མོང་ཐོག་འཆམ་མཐུན་དང་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་པ། རྒྱུན་རྣམ་ཅན་གྱི་དོ་དམ་ལམ་སྲོལ་ཆཊ་པར་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲོག་ཆེན་མོའི་བྱ་སྤྱོད་ལ་ཕན་འབྲས་གསར་པ་སྔར་ལས་མང་བ་ཐོབ་པར་འགན་ལེན་ཏན་ཏིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེཊ་ཏན་ཏིག་གཏོང་དགོས་པའི་ནན་གསུངས་གནང་བ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社