གྲོང་མི་ཟླ་བ་སྒྲོལ་མས། འགྲན་བསྡུར་དེར་ལྟ་བར་ཡོང་ཐེངས་དང་པོ་ཡིན།ཁོང་ཚོས་དཀའ་ཚེགས་ཆེ་བའི་བྱ་སྤྱོད་མང་པོ་ལེགས་སྒྲུབ་ཡག་པོ་བྱས་པ་མཐོང་བྱུང་། གཙོ་སྐྱོང་པས་ཕྱི་རོལ་གྱི་འགྲན་བསྡུར་སྣ་ཚོགས་ནང་ཁོང་ཚོར་གྲུབ་འབྲས་ཕུལ་བྱུང་མང་པོ་ཐོབ་པ་ངོ་སྤྲོད་བྱས་པ་ཐོས་བྱུང་བས་ལྷ་ས་བ་ཞིག་ཡིན་པའི་ངོས་ནས་སྤོབས་སེམས་ཆེན་པོ་སྐྱེ་ཡི་འདུག་ཅེས་བཤད།
འགྲན་བསྡུར་གྱི་ལྷུ་ཚིགས་སུ་སླེབས་སྐབས་རྟ་པ་ཚོས་གཟུགས་སྟོབས་ཆེ་ཞིང་ཤ་ཤེད་རྒྱས་པའི་རྟ་ལ་བཞོན་ནས་བློ་བརྟན་འགྱུར་མེད་ཀྱི་གོམ་སྟབས་ཐོག་ནས་འགྲན་རར་ཞུགས་པ་དང་འགྲན་བསྡུར་བྱེད་རིང་རྟ་མཆོག་ལྕག་གིས་སྐུལ་ནས་ངལ་བར་མི་འཛེམ་པར་མདུན་དུ་བསྐྱོད། ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ལྷ་སའི་ཞོ་སྟོན་གྱི་རྟ་རྒྱུག་འགྲན་ཚོགས་དུས་ཡུན་ཉིན་གཉིས་ཡིན་པ་དང་འགྲན་བསྡུར་རྣམ་གྲངས་ནང་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་གྱི་རྟ་རྒྱུག་མདའ་འཕེན་དང་རྟ་ཐོག་ནས་ཁ་བཏགས་བསྒྲུགས་པ་ཚུད་ཡོད་པ་རེད། གཞན་ཡང་ད་དུང་མྱུར་འགྲན་རྟ་རྒྱུག་དང་རྟ་བགྲོད་རྣམ་གྲངས་ཀྱང་ཡོད་པ་རེད།
སྟོད་ལུང་བདེ་ཆེན་ཆུས་རྒྱ་མོ་གྲོང་ཚོ་ནས་ཡིན་པའི་ལོ་12ལ་སླེབས་པའི་རྟ་རྩལ་པ་དགེ་ལེགས་དབང་རྒྱལ་གྱིས་རྟ་རྩལ་སྦྱངས་ནས་ལོ་5ཕྱིན་ཡོད།ཁོང་བོས་ང་རྟ་རྩལ་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན། འགྲན་བསྡུར་གྱི་རྣམ་གྲངས་ནི་སྨི་3000ཡིན་པས། ཨང་དང་པོའི་གྲུབ་འབྲས་བཟང་པོ་ཐོབ་པར་རང་ཉིད་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
རྟ་རྒྱུག་འགྲན་བསྡུར་ནི་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་ཞོ་སྟོན་གྱི་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། ཆེད་ལས་རྟ་རྩལ་པ་དང་རྟ་རྩལ་ལ་དགའ་པོ་ཡོད་མཁན་ཚོར་སྤེལ་རེས་ཀྱི་གར་སྟེགས་ཤིག་མཁོ་འདོན་བྱས་ཡོད། མང་ཚོགས་ལ་སྤྲོ་སྣང་ལྡན་པའི་དུས་ཆེན་གྱི་རྣམ་པ་ཞིག་ཀྱང་བཏོད་ཡོད། ད་ཆ་ལྷ་སའི་སྲོལ་རྒྱུན་མི་རིགས་ཀྱི་ལུས་རྩལ་དང་། རིག་གནས། ཡུལ་སྐོར་ཐོན་ཁུངས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།
ད་ཐེངས་ཀྱི་རྟ་རྒྱུག་འགྲན་བསྡུར་གཉེར་བའི་དམིགས་ཡུལ་གཙོ་བོ་ནི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་ཡིན་པ་དང་། ལྷ་སའི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་མཉམ་འདྲེས་ལ་དེ་བས་སྐུལ་འདེད་གཏོང་བ། སྐྱོན་བྲལ་གྱི་ལྷ་ས་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་ནས། ལྷ་སའི་གཟུགས་བརྙན་གསར་པ་མངོན་པར་བྱ་ཆེད་ཡིན། ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་མིང་གིས་དེ་དང་ཆབས་ཅིག་ང་ཚོས་ཀྱང་བྱེད་སྒོ་དེ་རིགས་བརྒྱུད་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ནས་ཡུལ་སྐོར་བས་ལྷ་ས་དང་བོད་ལ་རྒྱུས་ལོན་ཡག་པོ་ཡོང་བར་བྱས་ཏེ་ཡུལ་སྐོར་བའི་མྱོང་ཚོར་ཆེ་རུ་གཏོང་འདོད་ཡོད་ཅེས་བཤད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་འགོ་ཚུཊ་མཛད་སྒོར་ཞུཊ་པ་དང་འབྲེལ་འགྲན་བསྡུར་དངོས་སུ་འགོ་ཚུཊ་པའི་ཁྱབ་བསྒྲཊ་གནང་བ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社