(པར་ངོས་དང་པོར་མཐུད)ཕྱོགས་གཅིག་ནས་གྲོང་མི་དང་འབྲེལ་ཡོད་ལ། ཕྱོགས་གཞན་ཞིག་ནས་ཞིང་པ་དང་འབྲེལ་ཡོད་པས་དམངས་འཚོའི་ལས་གཞི་ངོ་མ་ཞིག་རེད། བདག་པོའི་སྙིང་སྟོབས་ལ་བརྟེན་ནས་བསམ་བློ་མང་ཙམ་གཏོང་བ་དང་། འཚོལ་ཞིབ་ཧུར་ཐག་བྱེད་པ། ཞིབ་འཇུག་གཏིང་ཟབ་བཅས་བྱས་ཏེ། མང་ཚོགས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་བ་དང་འཚོ་བ་སྔར་བས་སྐྱིད་པ་ཡོང་བར་བྱེད་དགོས།
ལྷ་སའི་འཛམ་གླིང་གསར་པའི་ཉོ་སྒྲུབ་ཐང་ཆེན་ནི་ཁྲེང་ཀོན་ཆུས་ཀྱི་གྲོང་ཚོའི་མཉམ་སྡེབ་རང་གཉེར་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་ཐོག་མ་དེ་རེད། བརྟག་ཞིབ་གནང་རིང་། ཝང་ཆང་གིས་རྣམ་གྲངས་ཧྲིལ་པོར་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཁས་ལེན་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་གསལ་པོར་བཟོས་ནས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། མི་དམངས་མང་ཚོགས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། ཏང་གི་བྱ་གཞག་སྒྲུབ་ཐུབ་པར་བྱས་ཏེ། མང་ཚོགས་ལ་ཕན་པ་དངོས་ཐོབ་ཐུབ་པར་བྱེད་དགོས།
ཝང་ཆང་གིས་ནན་གསུངས་གནང་དོན། ཨར་ལས་ཚན་པ་ཁག་གིས་ཇུས་འགོད་དང་ཇུས་གཞི་ལེགས་སུ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ལུགས་མཐུན་གྱི་བཀོད་སྒྲིག་བྱས་ཏེ། ལས་ཀའི་འབྲེལ་མཐུད་ཡག་པོ་བྱེད་དགོས་པ་དང་། ཚད་གཞི་མཐོ་བའི་ཨར་ལས་བྱེད་པ་དང་། བླང་བྱ་ནན་པོས་འགག་སྒོ་དམ་འཛིན་བྱེད་པ། ལས་ཕྱོད་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྣམ་གྲངས་སྔ་ཙམ་འཛུགས་སྐྲུན་དང་སྔ་ཙམ་སྤྱོད་འགོ་ཚུགས་པའི་འགན་ལེན་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དོ་སྣང་དམ་པོ་བྱེད་པ། ཞིབ་ཐོ་ཅན་གྱི་དོ་དམ་ལག་བསྟར་བཅས་བྱས་ནས་རྣམ་གྲངས་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། བྱེད་སྟངས་གསར་པ་དང་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་གྲོང་ཁྱེར་འཕེལ་རྒྱས་ཁྲོད་གནས་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱས་ནས་གྲོང་ཁྱེར་འཛུགས་སྐྲུན་དང་འགལ་བ་སེལ་བ་གཉིས་ཁེ་ཡོང་བར་བྱེད་དགོས།
བརྟག་ཞིབ་གནང་རིང་། ཝང་ཆང་དང་བཅས་པ་གྲོང་ཁུལ་གྱི་ལམ་དུམ་ཁག་གཅིག་ཏུ་ཕེབས་ཏེ་འཕྲིན་གཏོང་སྐུད་པ་གང་བྱུང་དུ་འཐེན་པ་དང་། མི་འགྲོ་སའི་ལམ་དང་ཆར་ཆུའི་ཁྲོན་ཁེབས་ལ་སྐྱོན་ཤོར་བ་སོགས་གྲོང་ཁྱེར་སྲིད་གཞུང་གི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་གནད་ལ་འཁེལ་བ་མེད་པ་དང་། བདེ་འཇགས་ལ་གནོད་པའི་་རྐྱེན་ངན་མངོན་གསལ་དོད་པའི་གནད་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱས་ནས་གཅིག་ཤེས་ཀུན་གྲོལ་དང་གང་མགྱོགས་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་དང་པ་སངས་རྡོ་རྗེ་གཉིས་ལྷན་དུ་བརྟག་ཞིབ་ནང་ཕེབས་ཡོད་པ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社