分享按钮

ལྷ་ས་གྲོང་ཁྱེར་གྱི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ལས་རིགས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་4ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་གྱི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ལས་རིགས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

ཚོགས་འདུའི་ཐོག ཨ་ལི་པ་པ་Darazསྟེགས་བུ་དང་། ཅང་སུའུ་ཝེ་ཁྲི་གྲངས་འཛིན་ལག་རྩལ་ཚད་ཡོད་ཀུང་སི། ཅང་སུའུ་སུའུ་ཧའོ་སྤྲིན་རྩིས་ཚོང་ལས་ཚད་ཡོད་ཀུང་སི་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་སོགས་ཀྱིས་གཙོ་དོན་གཏམ་བཤད་གནང་བ་རེད།

ལྷ་སའི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ལ་ཆོག་མཆན་ཐོབ་ཚུན། ལྷ་ས་གྲོང་ཁྱེར་གྱིས་གསར་འབྱེད་གསར་གཏོད་དང་ལག་ལེན་བྱེད་ཕོད་པར་བྱས་ཏེ།ལྷ་སའི་འགག་སྒོ་ལས་ཁུངས་དང་འཐབ་ཇུས་མཉམ་ལས་ཧུར་ཐག་བྱས་ནས་ནེ་པ་ལའི་ཕྱི་རྒྱལ་མཛོད་ཁང་བསྐྲུན་ནས་སྤྱོད་པ་དང་། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་རོགས་སྐྱོར་སྲིད་ཇུས་བཟོས་ནས་བཏོན་པ། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཁྲོམ་རའི་བྱེད་པོ་ནང་འདྲེན་དང་སྐྱེད་སྲིང་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་ཚོང་དོན་བསྡོམས་འབོར་སྒོར་དུང་ཕྱུར་25.94ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་183.3འཕར་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ཕན་ཝུན་ཆིང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-07 6 6 拉萨日报藏文 c185984.html 1 ལྷ་ས་གྲོང་ཁྱེར་གྱི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ལས་རིགས་ཀྱི་སྤེལ་རེས་ཚོགས་འདུ་འཚོགས་པ། /enpproperty-->