ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་4ཉིན་གྱི་སྔ་དྲོར། 2024ལོའི་ལྷ་ས་ཞོ་སྟོན་ནང་འདྲེན་དངོས་ཟོག་ཚོང་འདུས་དེ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་ཤིང་། སྤུས་ཚད་ལེགས་པ་དང་སྣ་ཁ་མང་བའི་ནང་འདྲེན་དངོས་ཟོག་ཆིག་སྟོང་ལྷག་ཙམ་ལྷ་སར་འབྱོར་ནས་གྲོང་མི་དང་ཡུལ་སྐོར་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ཚོང་འདུས་ཀྱི་ཡུལ་དངོས་སུ། གྲོང་མི་དང་ཡུལ་སྐོར་བའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་མི་ཚོགས་ཀྱིས་ཁེངས་ཤིང་། ཚང་མས་ཁྲོམ་བཀྱག་ཁག་གི་མདུན་ནས་བློ་འདྲི་བྱེད་པ་དང་། ས་གནས་ས་ཐོག་གི་ཡིག་སྒྱུར་བའི་རོགས་རམ་འོག་ཕྱི་རྒྱལ་གྱི་ཚོང་པ་དང་སྤེལ་རེས་བྱས་ཏེ། ཐོན་རྫས་མང་པོ་ཧབ་ཐོབ་ཀྱིས་ཉོ་བཞིན་ཡོད།
ཚོང་འདུས་ཀྱི་ཡུལ་དངོས་ཀྱི་ཐོག་སོ་གཉིས་པར་ནེ་པ་ལའི་ཨེ་ཤེ་ཡ་ལྷོ་མའི་ཚོང་ཟོག་འགྲེམས་སྟོན་ཁུལ་ཡོད་པ་དང་།ཐོག་སོ་དང་པོར་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་འགྲེམས་གནས་150ཡོད།
གྲོང་མི་མཁྱེན་ལྡན་མ་ལི་ལིས་ངས“ལྷ་སའི་ཁྱབ་བསྒྲགས”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ནས་ཚོང་འདུས་ཀྱི་ཆ་འཕྲིན་མཐོང་བྱུང་བས།ནང་འདྲེན་དངོས་ཟོག་ཚོང་འདུས་སུ་ཕྱིན་པ་ཡིན།ནང་མི་ཚང་མ་ཁྲིད་ནས་ཨུ་རུ་སུའི་ཕྲུ་གུའི་གྱོན་ཆས་དང་། ཧིན་རྡུ་ཉི་ཞི་ཡའི་ཀོག་ཧྥེ་དང་། ནེ་པ་ལའི་ལག་ཤེས་བཟོ་རྩལ་ཐོན་རྫས། ཨོ་སི་ཁྲུ་ལི་ཡའི་སྦྲང་རྩི། ཐེ་ལན་གྱི་རྩྭ་སྔོན་ཁཎྜ་སོགས་ཁྱད་ལྡན་ཐོན་རྫས་ཉོ་བར་ཡོང་བ་ཡིན། དངོས་ཟོག་ཉོ་བའི་སྤྲོ་སྣང་ལོངས་སུ་སྤྱོད་པ་དང་འབྲེལ། གཞན་ཡུལ་གྱི་རིག་གནས་མྱོང་རོལ་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།
ནེ་པ་ལའི་Dཚོང་རྟགས་དངུལ་ཆས་ཚོང་ཁང་རྙིང་པའི་འགན་འཁུར་བ་Shrawan Shakyaཡིས་ང་ཚོས་ད་ཐེངས་དངུལ་ལྷད་མེད་དང་གསེར་བྱུགས་པའི་ཇ་དམ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་དངུལ་ཆས་ཐོན་རྫས་མང་པོ་ཁྱེར་ནས་བོད་མི་དམངས་ཀྱི་གདམ་ག་སྣ་ཚོགས་སྐོང་ཐབས་བྱས་ཡོད། ཕྱིས་འབྱུང་།ཀྲུང་གོའི་བོད་དུ་ང་ཚོའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱེད་པའི་གོ་སྐབས་སྔར་ལས་མང་བ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
ནེ་པ་ལ་དང་། སུར་ཝུའེ་ཡ།མ་ལེ་ཞི་ཡ།ཐེ་ལན། མོང་གོལ་བཅས་གཙོ་དོན་དུ་བྱས་པའི་འགྲེམས་ཁང་5ཕུད། འགྲེམས་ཁང་ནང་ད་དུང་ཕྱི་ཕྱོགས་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་དང་ལྷ་སའི་དངོས་ཟོག་རྩེ་གྲའི་ཆེད་དོན་འགྲེམས་ཁུལ་2དང་།དེ་བཞིན་རྒྱལ་སྤྱིའི་ཚད་གཞིའི་འགྲེམས་གནས་279བཀོད་སྒྲིག་བྱས་ཡོད། ཚོང་འདུས་དེ་ཟླ་8ཚེས་4ཉིན་ནས་ཟླ་8ཚེས་8ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་། གཞན་ཡང་ད་ཐེངས་ཀྱི་ཚོང་འདུས་ཐོག་ད་དུང་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱས་ནས་རིག་གནས་ཀྱི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་མི་འདྲ་བ་མངོན་པར་བྱས་ཏེ་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཟབ་ཏུ་གཏོང་རྒྱུ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社