ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་གཏིང་ཟབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྡེ་ཁུལ་གཞི་རིམ་དུ་རྩ་བ་ཚུགས་པ་དང་འབྲས་བུ་བཞད་པའི་འགན་ལེན་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་དུ་གཙོ་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བསྟན་ཁང་ཤག་སྒོ་ར་ཆེན་མོར་བར་སྐོར་སྡེ་ཁུལ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ངོ་སྤྲོད་དང་གསལ་འགྲེལ་ཞིབ་ཕྲ་བྱས་པར་མ་ཟད། དོན་དངོས་ཀྱི་གྱོད་དཔེ་དང་མང་ཚོགས་ཀྱི་ཉེ་འགྲམ་གྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས“ཡིག་སྐད”དེ་མང་ཚོགས་ཀྱིས་གོ་བདེ་བའི“ཁ་སྐད”ཏུ་བསྒྱུར་ཡོད། གོ་བདེ་བ་དང་ཡིད་ལ་འཛིན་བདེ་བའི་རྣམ་པའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མི་སེམས་སུ་གཏིང་ཟབ་འཇགས་པར་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞེས་བཏོན་ཡོད། ཇི་ལྟར་བྱས་ནས་འགོ་འཛུགས་ས་དེ་བས་མཐོ་བའི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བར་སྐོར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་རྡོ་རྗེ་རྣམ་རྒྱལ་གྱིས་རྨེ་རུ་རྙིང་པའི་སྒོ་ར་ཆེན་མོར་སྡེ་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྡེ་ཁུལ་གྱི་ཞབས་ཞུའི་ནུས་པར་ཤུགས་སྣོན་རྒྱག་པ་དང་། སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཞིབ་ཕྲའི་དོན་འཁྱོལ་བྱེད་ཐབས་བཏོན་པ་རེད།
རྡོ་རྗེ་རྣམ་རྒྱལ་གྱིས་ང་ཚོས་ད་ཐེངས་ཀྱི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ནས་སྡེ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན། བར་སྐོར་སྡེ་ཁུལ་འདི་ཉིད་ཡུལ་སྐོར་ལྟེ་གནས་ཀྱི་ས་ཁོངས་ཡིན་པའི་ངོས་ནས་ཕྱིས་འབྱུང་། ཚོང་དུད་ས་ཚིགས་བཙུགས་ནས་ཚོང་དུད་ཀྱི་ལུགས་མཐུན་དགོས་མཁོ་ཐག་གཅོད་བྱས་ཏེ། ཚོང་དུད་ཀྱི་དཔལ་འབྱོར་ཡོང་འབབ་མཐོ་རུ་གཏོང་བ་དང་དུས་མཚུངས་ཁོང་ཚོ་སྡེ་ཁུལ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་སུ་འཇུག་རྒྱུ་ཡིན་བཤད།
སྡེ་ཁུལ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་གཏུགས་དང་།མང་ཚོགས་ལ་ཞབས་འདེགས་ཞུ་བའི་གལ་ཆེའི་ས་གནས་ཤིག་ཡིན། བར་སྐོར་སྡེ་ཁུལ་གྱིས་ཏང་གི་གཙོ་དོན་ཉིན་མོ་དང་། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ། སྨྱན་སྦྱོར་དྲིལ་བསྒྲགས་སོགས་ཀྱི་རྣམ་པར་བརྟེན་ནས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་གྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱ་རྒྱུར་ཁྲིད་སྟོན་བྱས་ནས་གྲོང་མིས་ཏང་གི་སྲིད་ཇུས་ལ་གོ་བ་ལོན་ཚད་མཐོ་རུ་གཏོང་རྒྱུ་རེད།
ཚུལ་ཁྲིམས་ཀྱིས་ང་ཚོས་མུ་མཐུད་སྒྲོག་འགྲེལ་བྱས་པ་བརྒྱུད། གྲོང་མི་མང་ཚོགས་དང་དེ་བཞིན་ཚོང་དུད་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྔར་བས་ཤེས་རྟོགས་ཐུབ་པར་བྱས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ།ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社