分享按钮

ཤའོ་ཡིའུ་ཚའེ་ཡིས་ནང་འདྲེན་དངོས་ཟོག་ཚོང་འདུས་ཀྱི་ལས་སྟེགས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ་ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)དགའ་སྤྲོའི་ངང་ཡོང་བ་དང་བློ་ཡིད་ཚིམ་པའི་ངང་ཕྱིར་ལོག་རྒྱུའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ནས་ས་གནས་ས་ཐོག་གི་སྒྲིག་ལམ་སྲུང་སྐྱོང་དང་། མེ་ཟོན་བདེ་འཇགས། བཟའ་བཅའི་བདེ་འཇགས་སོགས་ཀྱི་བྱ་ཐབས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སྐབས་འདིའི་ཚོང་འདུས་ཕུན་སུམ་ཚོགས་པོའི་ངང་གཉེར་རྒྱུའི་འགན་ལེན་བྱེད་དགོས། ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་དགོས་པ་སྟེ། ཞབས་ཞུའི་འདུ་ཤེས་སྔར་བས་བསྒྱུར་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས“གཉེན་ཉེའི་རྣམ་པ”དང“དྲོ་སྐྱིད་རྣམ་པའི”ཞབས་ཞུར་བརྟེན་ནས་ཕྱི་རྒྱལ་གྱི་ཚོང་པ་དེ་བས་མང་བས་ལྷ་སར་མ་འཇོག་བྱས་ནས་ལས་གཉེར་བྱེད་པ་དང་གཉིས་ཕན་གཉིས་ཁེ་ཡོང་བའི་ཡིད་དབང་འགུག་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་སྒོ་དབྱེ་ལ་སྐུལ་འདེད་གཏོང་དགོས་པ་སྟེ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་མུ་མཐུད་རྒྱ་ཆེར་བཏང་ནས་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་དང་མཉམ་ལས་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་པ།“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བར་མཐོངས་གསར་པ་མུ་མཐུད་སྔོག་འདོན་བྱས་ཏེ། ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-07 6 6 拉萨日报藏文 c185981.html 1 ཤའོ་ཡིའུ་ཚའེ་ཡིས་ནང་འདྲེན་དངོས་ཟོག་ཚོང་འདུས་ཀྱི་ལས་སྟེགས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ་ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->