བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ།ཚེས་2ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་འདམ་གཞུང་རྫོང་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་སྟེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་གྲོང་གསེབ་དར་རྒྱས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་གྱི་ཞིང་ལས་སྒྲིག་བཀོད་གླིང་དེ་གཞུང་ཁོངས་ཁེ་ལས་ཀྱི་ཁོངས་སུ་གཏོགས་པ་དང་གླིང་ཁུལ་འཛུགས་བསྐྲུན་བྱས་ཚུན་དུ་སྲིད་གཞུང་གིས་སྟེགས་བུ་འཛུགས་པ་དང་། ཁེ་ལས་ཀྱིས་ལས་འགུལ་སྤེལ་བ། ཞིང་པར་ཕན་པ་ཐོབ་པ། མཉམ་སྤྱོད་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་གཞིར་བཟུང་སྐྱེ་ལྡན་སྔོ་ཚལ་དང་། ཀྭ་རིགས་དང་ཤིང་འབྲས། མེ་ཏོག་བཅས་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་གྲོང་མི་མང་ཚོགས་ཀྱི་མེ་ཏོག་དང་ཚལ་རིགས་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ཡན་ཅིན་ཧའེ་འདེབས་འཛུགས་དྲོད་ཁང་ཆེན་པོར་ཕེབས་ཏེ།གླིང་ཁུལ་གྱི་འགན་འཁུར་བ་དང་ལས་མི་མང་ཚོགས་དང་སྤེལ་རེས་གནང་ཞིང་།གླིང་ཁུལ་གཉེར་སྐྱོང་གི་ཕན་འབྲས་དང་འཕེལ་རྒྱས་འཆར་འགོད་ལ་ནན་ཏན་གྱིས་གསན་པ་དང་། ས་ཆ་འཁོར་རྒྱུག་དང་མང་ཚོགས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བར་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་དང་སྒྱུར་བཅོས་སྐོར་གླེང་བ་དང་འབྱུང་འགྱུར་དོན་གཉེར་བྱ་ཐབས་ཐད་ཐབས་ཇུས་བཏིང་གནང་བ་རེད། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཀྱིས་དུས་མཚམས་རྗེས་མའི་སྒྱུར་བཅོས་སྒོ་དབྱེའི་ཐད་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་བྱས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་ཡོང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག་སྔོ་ཚལ་དང་མེ་ཏོག་ཐོན་ལས་ལ་མདུན་ལམ་རྒྱ་ཆེ་ཆེན་པོ་ལྡན་ཡོད། ཚན་རྩལ་འདེགས་སྐྱོར་དང་ཁྲོམ་ར་ཁྲིད་སྟོན་དུ་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པ་དང་།ཐོན་ལས་དར་རྒྱས་གཏོང་བར་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་ནུས་པ་དང་སྟོབས་ཤུགས་བསྣན་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་བསྐྱར་བསྒྲགས་བྱས་ཤིང་། ང་ཚོས་གཉེར་སྐྱོང་གི་བྱེད་པོ་སྣ་ཚོགས་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད། ཚང་མས་འགྲན་སློང་བྱེད་ཕོད་པ་དང་ལག་ལེན་བྱེད་ཕོད་པར་བྱས་ཏེ། ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་དེ་བས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དབྱར་དུས་ཀྱི་འདམ་གཞུང་རྫོང་ཀོང་ཐང་ཤང་ལ་རྒན་གྲོང་ཚོར་དཔལ་ཡོན་བཞད་པའི་གྲོང་གསེབ་ཀྱི་མཛེས་ལྗོངས་ཤིག་མངོན། ཡན་ཅིན་ཧའེ་གྲོང་མི་ཚེ་དབང་ནོར་བུའི་ཁྱིམ་དུ་ཕེབས་སྐབས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社