分享按钮

ཤའོ་ཡིའུ་ཚའེ་ཡིས་2024ལོའི་ལྷ་སའི་ཞོ་སྟོན་གྱི་ནང་འདྲེན་དངོས་ཟོག་ཚོང་འདུས་ལ་བརྟག་ཞིབ་གནང་སྐབས།

ནང་འདྲེན་དངོས་ཟོག་ཚོང་འདུས་ཀྱི་ལས་སྟེགས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ་ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུངས་གནང་བ།

ཁྲེན་ཅིང་ལྷན་དུ་བརྟག་ཞིབ་ལ་ཕེབས་པ།

པར་འདི་ནི་ཟླ་8ཚེས་5ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་ཕེབས་ཏེ་2024ལོའི་ལྷ་སའི་ཞོ་སྟོན་གྱི་ནང་འདྲེན་དངོས་ཟོག་ཚོང་འདུས་ལ་བརྟག་ཞིབ་གནང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་5ཉིན་གྱི་ཕྱི་དྲོར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་ཕེབས་ཏེ་2024ལོའི་ལྷ་སའི་ཞོ་སྟོན་གྱི་ནང་འདྲེན་དངོས་ཟོག་ཚོང་འདུས་ལ་བརྟག་ཞིབ་གནང་བ་རེད།ཁོང་གིས་ནན་གསུང་གནང་དོན།རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ནང་སྔར་བས་ཧུར་ཐག་དང་རང་འགུལ་ངང་ཞུགས་ནས་ནང་འདྲེན་དངོས་ཟོག་ཚོང་འདུས་ཀྱི་སྟེགས་བུ་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ། ཕྱོགས་ཡོངས་དང་། གཏིང་ཟབ། ཆུ་ཚད་མཐོ་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་དང་།ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་བསྣན་དགོས།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད།

སྐབས་འདིའི་ཚོང་འདུས་ནི་ལྷ་སས་ནང་འདྲེན་གཙོ་དོན་དུ་བྱས་པའི་ཕྱོགས་བསྡུས་རྣམ་པའི་རྒྱལ་སྤྱིའི་ཚོང་འདུས་ཐོག་མ་དེ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ་31ནས་ཡོང་བའི་ཁེ་ལས་246དང་ཕྱི་རྒྱལ་གྱི་ཚོང་པ་600ལྷག་ཙམ་གྱིས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། ཁྱིམ་ཆས།རིག་གནས་ཐོན་རྫས། ཁྱད་ལྡན་ཟས་རིགས་སོགས་ཚོང་ཟོག་སྣ་ཁ་ཆིག་སྟོང་ལྷག་ཙམ་བཏོན་ཡོད། ཤའོ་ཡིའུ་ཚའེ་སྔ་རྗེས་སུ་ནེ་པ་ལ་དང་། ཐེ་ལན། སེར་ཝུའེ་ཡ། མ་ལེ་ཞི་ཡ། མོང་གོལ་བཅས་ཀྱི་གཙོ་དོན་འགྲེམས་སྟོན་ཁང་དང་། ཕྱི་ཕྱོགས་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ། ལྷ་སའི་ཅ་དངོས་ཡག་པོ་སོགས་ཀྱི་ཆེད་དོན་འགྲེམས་སྟོན་ཁུལ་དུ་ཕེབས་ཏེ་གཟིགས་ཞོར་དུ་བཀའ་འདྲི་གནང་བ་དང་། ཁེ་ལས་ཀྱི་འཐུས་མི་དང་ཚོགས་ཞུགས་ཚོང་པ་དང་སྤེལ་རེས་གཏིང་ཟབ་གནང་ནས་ཐོན་རྫས་ཀྱི་ཁྱད་ཆོས་དང་། ནུས་པ། ཕྱིར་ཚོང་བྱེད་ཚད་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚོང་འདུས་ནང་ཞུགས་མཁན་ཚོང་པས་སྤུས་ཚད་ལ་འགན་ལེན་དང་། སྣ་ཁ་དེ་བས་ཕུན་སུམ་ཚོགས་པ། རིན་གོང་དེ་བས་ཆུང་བ་བཅས་ཀྱི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་འཁྱེར་དགོས་པ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-07 ཁྲེན་ཅིང་ལྷན་དུ་བརྟག་ཞིབ་ལ་ཕེབས་པ། ཤའོ་ཡིའུ་ཚའེ་ཡིས་2024ལོའི་ལྷ་སའི་ཞོ་སྟོན་གྱི་ནང་འདྲེན་དངོས་ཟོག་ཚོང་འདུས་ལ་བརྟག་ཞིབ་གནང་སྐབས། 6 6 拉萨日报藏文 c185980.html 1 ནང་འདྲེན་དངོས་ཟོག་ཚོང་འདུས་ཀྱི་ལས་སྟེགས་གལ་ཆེན་བེད་སྤྱོད་ཡག་པོ་བྱས་ཏེ་ལྷ་སའི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུངས་གནང་བ། /enpproperty-->