ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གྲོང་ཁུལ་གྱི་གཙོ་གནད་རྣམ་གྲངས་ཁག་གཅིག་གི་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ཏེ་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་ཐད་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཚད་མཐོའི་མཐོང་ཆེན་དང་།སྤྱི་འདོམས་མཐུན་སྦྱོར། མཛུབ་ཁྲིད་ལ་ཤུགས་སྣོན། སྤུས་ཚད་ལ་འགན་ལེན་བཅས་བྱས་ནས་ལས་དོན་ཁག་ལེཊ་འགྲུབ་བྱེད་དགོས།
ཝང་ཆང་སྔ་རྗེས་སུ་སྐུ་འབུམ་ཐང་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་། ལྷ་སའི་འཛམ་གླིང་གསར་པའི་ཉོ་སྒྲུབ་ཐང་ཆེན། ཅང་སུའུ་ལམ་ཆེན་ཆུ་རྒྱུད་ལས་གཞི། འོ་བརྒྱལ་ཐང་སྤྱི་གླིང་། ལྷ་ས་གྲོང་ཁྱེར་དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་ལས་གྲྭ་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་ཐད་མཁྱེན་རྟོགས་གནང་ཞིང་། སྙན་ཞུར་གསན་པ་དང་དཔེ་རིས་ལ་ལྟ་བ་སོགས་ཀྱི་བྱ་ཐབས་ཐོག་ནས་ལས་གཞིའི་མྱུར་ཚད་དང་། ཇུས་འགོད་ཀྱི་ཕན་འབྲས། ལྟ་སྐུལ་དོ་དམ་གྱི་རྩིས་ཐོ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། རྣམ་གྲངས་ཐད་གནས་པའི་དཀའ་གནད་དང་གནད་དོན་ཐད་ས་གནས་ས་ཐོག་ཏུ་ཞིབ་འཇུག་ཀྱང་གནང་བ་རེད།
ཝང་ཆང་གིས་ནན་གསུངས་གནང་དོན། སྐུ་འབུམ་ཐང་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་འཛུགས་སྐྲུན་རྣམ་གྲངས་ནི“ཤ་ཚལ་སྒོང་གསུམ”གྱི་ལས་གཞི་ཞིག་ཡིན་པ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社