分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་གི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་ཀྱི་ཡུལ་དངོས་སུ་གྲོང་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཡུལ་དངོས་སུ་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། གྲོང་ཨུད་སྤྱོད་ཚུལ་གཞུང་དོན་ཁང་དང་།གྲོང་ཁྱེར་དང་གྲོང་གསེབ་བཅོས་སྒྲིག་གཞུང་དོན་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་མཉམ་དུ་འགྲོ་ལམ་འགྲིམ་འགྲུལ་ལས་དོན་གྱི་དཀའ་གནད་དང་འགག་གནད་ལ་དབྱེ་ཞིབ་གནང་ཞིང་།ལས་འགན་དང་བྱ་ཐབས་ཁ་གསལ་བཟོས་ནས་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད།

སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། ཀྲའོ་ཧུའེ་ཉན་སྔ་རྗེས་སུ་ཁྲེང་ཀོན་ཆུས་མི་རིགས་ལམ་དང་ནོར་བུ་གླིང་ཁ་ལམ་གྱི་ལམ་མདོ། ཞོལ་གྲོང་གསར་ལམ། ཉང་བྲན་ལམ་དང་གླིང་སྐོར་བྱང་ལམ་གྱི་ལམ་མདོ། དེ་བཞིན་གླིང་སྐོར་བྱང་ལམ་དང་སེ་ར་ལམ་གྱི་ལམ་མདོ། ལམ་ལྔ་མདོ་ཁ། གླིང་རྒྱུད་ལམ་དང་ཅང་སུའུ་ལམ་གྱི་ལམ་མདོ་དེ་བཞིན་གླིང་སྐོར་ཤར་ལམ་སོགས་སུ་ཕེབས་ཏེ།ཡུལ་དངོས་སུ་ལམ་མདོའི་ཉེ་འཁོར་གྱི་གློག་སྒུལ་སྦག་སྦག་འཇོག་ཚུལ་དང་། གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་དོ་དམ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། བརྟག་ཞིབ་གནང་རིང་ཀྲའོ་ཧུའེ་ཉན་གྱིས་གྲོང་མི་མང་ཚོགས་དང་། ལས་རེས་མི་དམངས་ཉེན་རྟོག་པ།གཞོན་ནུ་དང་བླངས་པ་བཅས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ལས་རེས་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་དུ་སྒྲིག་ལམ་སྲུང་སྐྱོང་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-07 ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c185977.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་གི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ། /enpproperty-->