ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་5ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས། ལྷ་ས་གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཉེར་འགན་འཁུར་བའི་2024ལོའི་ལྷ་སའི་ཞོ་སྟོན་གྱི་རྟ་རྒྱུག་འགྲན་བསྡུར་བྱང་འདབས་རྟ་རྒྱུག་ཐང་དུ་འགོ་ཚུགས་པ་རེད། རྫོང(ཆུས)ཁག་ནས་ཡོང་བའི་རྟ་པ་བརྒྱ་ཙམ་གྱིས་མཉམ་དུ་འགྲན་བསྡུར་ནང་ཞུགས་ནས་མང་ཚོགས་དང་ཡུལ་སྐོར་བར་རྟ་རྩལ་ངོམ་པའི་སྟོན་མོ་གཟབ་རྒྱས་ཤིག་སྤྱན་ལམ་དུ་བཤམས་པ་རེད།
ཚེས་5ཉིན་གྱི་སྔ་དྲོར། བྱང་འདབས་ཀྱི་རྟ་རྒྱུག་ཐང་དུ་དར་ཚོན་སྣ་ལྔའི་དར་ཆ་ལྷབ་ལྷུབ་དུ་གཡོ་བ་དང་། སྟེགས་བུའི་ཐོག་མི་ཚོགས་ཀྱིས་ཁེངས་ཡོད། 2024ལོའི་ལྷ་སའི་ཞོ་སྟོན་གྱི་རྟ་རྒྱུག་འགྲན་བསྡུར་དེ་མང་ཚོགས་ཀྱི་རེ་སྒུག་ཁྲོད་འགོ་ཚུགས་པ་དང་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་རྒྱན་གོས་སྤྲས་པའི་རྟ་པ་རྣམས་རིམ་བཞིན་རྟ་རྩལ་ཐང་དུ་བསྐྱོད་ནས་རྟ་རྒྱབ་ཐོག་གི་ཞབས་བྲོ་དང་རྟ་གཅིག་གི་ཐོག་མི་གཉིས་བཞོན་པ་སོགས་མི་རྣམས་ཧང་སངས་དགོས་པའི་རྟ་རྩལ་འཁྲབ་སྟོན་བྱས་པ་རེད། ཁྱད་དུ་འཕགས་པའི་རྟ་རྩལ་དང་རྩེར་སོན་གྱི་འཁྲབ་སྟོན་ལ་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社