分享按钮

མོ་ཞི་ཁོའི་བྱང་ཤར་རྒྱུད་དུ་གཏུམ་སྤྱོད་གདོང་གཏུག་བྱུང་ནས་མི་6རྐྱེན་ལམ་དུ་ཤོར་བ།

ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོ་གྲོང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། མོ་ཞི་ཁོའི་བྱང་ཤར་རྒྱུད་ཀྱི་ཐ་མའོ་ལི་ཕ་སི་མངའ་སྡེའི་བདེ་འཇགས་ཚན་པས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མངའ་སྡེ་དེའི་ཨ་ཝ་སུའོ་ལུའོ་གྲོང་ཁྱེར་དུ་གཏུམ་སྤྱོད་གདོང་གཏུག་ཐོན་ནས་ཉུང་མཐར་ཡང་མི་6རྐྱེན་ལམ་དུ་ཤོར་བ་རེད།

གནས་ཚུལ་སྤེལ་བར་གཞིཊ་ན། ས་གནས་དེ་གའི་དུས་ཚོད་ཚེས་2ཉིན་གྱི་དགོང་མོ་ནས་ཚེས་3ཉིན་གྱི་ཐོ་རེངས་བར་མང་ཚོཊ་དང་། ཉེན་རྟོག་པ། རྒྱལ་སྲུང་མི་སྣ་བཅས་དབར་གདོང་ཐུག་ཐོན་ཞིང་། རྐྱེན་ལམ་དུ་ཤོར་བའི་ཁྲོད་དུ་མང་ཚོགས་གསུམ་དང་། རྒྱལ་སྲུང་མི་སྣ་གཉིས། ཉེན་རྟོག་པ་གཅིག་བཅས་ཡོད། གཞན་ཡང་མོ་ཞི་ཁོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིཊ་ན། གདོང་ཐུག་དེ་ཆུ་ཚོད་གཉིས་ཙམ་རིང་རྒྱུན་མཐུད་སྤེལ་ཡོད་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-06 6 6 拉萨日报藏文 c185971.html 1 མོ་ཞི་ཁོའི་བྱང་ཤར་རྒྱུད་དུ་གཏུམ་སྤྱོད་གདོང་གཏུག་བྱུང་ནས་མི་6རྐྱེན་ལམ་དུ་ཤོར་བ། /enpproperty-->