(པར་ངོས་དང་པོར་མཐུད)ལྷ་ས་གྲོང་ཁྱེར་དང་ཐ་ན་རང་སྐྱོང་ལྗོངས་ཀྱིས་ནང་འདྲེན་ཚོང་ཟོག་གི་ཁྱད་ཆོས་ལྡན་པའི་ཚོང་ཟོག་འགྲེམས་ཚོགས་ཐེངས་དང་པོ་གཉེར་བ་ཞིག་ཡིན་ལ།ལོ་རྒྱུས་ཐོག་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྲོས་བསྡུར་ཚོགས་འདུ་ཐེངས་དང་པོ་གཉེར་བ་ཞིག་ཀྱང་ཡིན་པས།ལྷ་སའི་སྒོ་དབྱེའི་འཕེལ་རྒྱས་ཐད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད་པ་རེད།
སྐབས་འདིའི་འགྲེམས་ཚོགས་ནི་ནང་འདྲེན་གཙོ་དོན་དུ་བྱས་པའི་ལྷ་སར་གཉེར་བའི་ཕྱོགས་བསྡུས་རྣམ་པའི་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་མ་དེ་ཡིན་པ་དང་།དེ་ནི་ཚོང་ཟོག་འགྲེམས་སྟོན་དང་ཚོང་དོན་གྲོས་མོལ་གྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་ལ་སྤེལ་རེས་མཉམ་ལས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་སྟེགས་བུ་ཞིག་ཀྱང་རེད།འགྲེམས་སྟོན་ཁང་ནང་ནེ་པ་ལ་དང་།སེར་ཝུའེ་ཡ།མ་ལེ་ཞི་ཡ།ཐེ་ལན།མོང་གོལ་བཅས་ཀྱི་གཙོ་དོན་འགྲེམས་སྟོན་ཁང་5དང་།ཕྱིར་ཚོང་ཕྱོགས་བསྡུས་ཞབས་ཞུ་དང་ལྷ་སའི་དངོས་པོ་བཟང་པོ་ཞེས་པའི་ཆེད་དོན་འགྲེམས་སྟོན་ཁུལ་2 དེ་བཞིན་རྒྱལ་སྤྱིའི་ཚད་གཞིའི་འགྲེམས་སྟོན་སྟེགས་བུ་279བཙུགས་ཡོད་པ་དང་གྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་8000ཟིན་ཡོད་པ་རེད།འགྲེམས་ཚོང་ཐོན་རྫས་ཐད་བཟོ་རྩལ་ཐོན་རྫས་དང་།འཛད་རྫས། བཟའ་བཅའ་དང་བཏུང་བཅའ།ཁྱིམ་ཆས་རིག་གནས་གསར་གཏོད།གློག་རྡུལ་རྒྱན་གོས་སོགས་རིགས་1000ལྷག་ཙམ་ཚུད་ཡོད།ནེ་པ་ལའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་།སེར་ཝུའེ་ཡའི་ཀོག་ཧྥེ།མ་ལེ་ཞི་ཡའི་ཁྲོག་ལེ།ཐེ་ལན་གྱི་ཤིང་ཏོག་སྐམ་པོ་སོགས་རྒྱལ་ཁབ་ཁག་གི་ཐོན་རྫས་སྣ་ཚོགས་ཀྱིས་མི་རྣམས་ཀྱི་མིག་ཟུང་འཁྲུལ་བར་གྱུར་ནས་ལྷ་སའི་གྲོང་མིར་ནང་འདྲེན་ཐོན་རྫས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།འགྲེམས་ཚོགས་རིང་།ད་དུང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་དང་།རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སྤེལ་རེས་འདུ་ཚོགས།རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་མང་པོ་དུས་གཅིག་ཏུ་གཉེར་བ་རེད།འགྲེམས་ཚོགས་ནང་ཞུགས་མཁན་ལས་དོན་པ་དབྱིན་ཡ་ལིས་ང་ཚོ་ལྷ་སར་ཡོང་ཐེངས་དང་པོ་ཡིན།ད་ཐེངས་འགྲེམས་སྟོན་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།ང་ཚོས་སེར་ཝུའེ་ཡའི་ཁྱད་ལྡན་ཐོན་རྫས་དཔེར་ན།ཀོག་ཧྥེ་དང་ཆུ་ཤེལ་སོགས་ཁྱེར་ཡོད།ཡུལ་དངོས་སུ་ཉོས་ན་གཟིགས་སྐྱོང་ཡོད།ཚང་མ་ང་ཚོའི་སེར་ཝུའེ་ཡའི་འགྲེམས་སྟེགས་སུ་ཁྱད་ལྡན་ཚོང་ཟོག་འདེམས་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
འགོ་ཚུགས་མཛད་སྒོའི་ཐོག་ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ལྷ་སའི་ཚོང་འགུགས་མ་འདྲེན་ཐད་ཕྱོགས་དྲུག་གི་གཟིགས་སྐྱོང་སྲིད་ཇུས་ཁག་35འོས་སྦྱོར་བྱས་ཏེ་ཕྱི་རྒྱལ་གྱི་སྐུ་མགྲོན་དང་ཁེ་ལས་མཁས་ཅན་དང་འབྲེལ་མཐུད་གཏིང་ཟབ་དང་ཕན་ཚུན་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མ་འཇོག་ཚོང་པ་དེ་བས་མང་བ་ཡོང་རྒྱུར་ཡིད་དབང་བཀུག་སྟེ་བོད་ལ་མ་འཇོག་བྱེད་ཤུགས་ཆེར་གཏོང་དང་ལྷ་ས་ཐོག་མར་འདེམས་པའི་སྤུས་རྟགས་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད།ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་ལི་ཧུང་མའེ་ཡིས་ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་འདི་ལོའི་ཟླ་6ཚེས་18ཉིན་སྒོ་བྱང་བཀལ་ནས་བཙུགས་པ་དང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་གཞིར་བཟུང་།རྗེས་མར་ང་ཚོས་ཐོན་ལས་ཁྲིད་སྟོན་དུ་བྱེད་པ་དང་།རྣམ་གྲངས་དམ་འཛིན་བྱ་གཞིར་བྱེད་པ།གླིང་ཁུལ་གཞི་རྟེན་དུ་བྱེད་པ།ཞབས་ཞུ་འགན་ལེན་དུ་བྱེད་པ་བཅས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གྲངས་འབོར་དང་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་།ལྷ་སས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་གཏིང་ཟབ་ཏུ་བཏང་བ་དང་།ལྷག་པར་དུ་འདི་ལོ་ལྷ་ས་འགག་སྒོ་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་15བཏོན་པ་དང་།རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱི་རྒྱལ་མཛོད་ཁང་ཐོག་མ་བསྐྲུན་ནས་ལས་སྒོ་9810ཤར་གཏོང་དང་གཉེར་སྐྱོང་མངོན་འགྱུར་བྱུང་བ།རྒྱལ་ཁོངས་ཕྱི་ནང་གི་འགྲེམས་ཚོང་འོས་སྦྱོར་སྒྲིག་འཛུགས་བྱས་པ།ཕྱི་ཕྱོགས་ཚོང་དོན་ཐོན་ལས་འཕེལ་རྒྱས་ཀྱི་འབྱུང་ཁམས་འཁོར་རྒྱས་ནུས་ཤུགས་ཡོད་རྒུས་བསྐྲུན་པ།ཕྱོགས་ཡོངས་དང་།རིམ་པ་མང་བ།ཁྱབ་ཁོངས་ཡངས་པ་བཅས་ཀྱི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་བཏང་ཡོད།
གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ཀོང་ཡའོ་ཡིས་ངོ་སྤྲོད་བྱས་པར་གཞིཊ་ན།ཉེ་བའི་ལོ་ཤས་རིང་།ལྷ་སས་འཛམ་གླིང་ས་གནས་ཁག་དང་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་སྔ་རྗེས་སུ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་169དང་ཚོང་དོན་འགྲོ་འོང་གི་འབྲེལ་བ་བཙུགས་ཡོད།འདི་ལོའི་ལོ་སྟོད་དུ་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་གྲངས་འབོར་དུས་མཚུངས་ལས་བརྒྱ་ཆ་183འཕར་ནས་བོད་རང་སྐྱོང་ལྗོངས་ཀྱིས་བརྒྱ་ཆ་68བཟུང་ཡོད། སླད་ཕྱིན་ལྷ་ས་གྲོང་ཁྱེར་གྱིས་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་ཚོང་དོན་འབྲེལ་བ་ཤར་གཏོང་བྱས་ཏེ་སྒོ་དབྱེ་དང་།མཉམ་འདྲེས། མཉམ་སྤྱོད་བཅས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་དང་།ཉོ་ཚོང་།འབྲེལ་གཏུཊ་བཅས་ཀྱི་སྟེགས་བུ་བཏོད་དེ་འགྲེམས་ཚོགས་ལ་བརྟེན་ནས་ཚོང་ལས་དར་སྤེལ་གཏོང་བ་དང་ཚོང་ལས་ལ་བརྟེན་ནས་འགྲེམས་ཚོགས་ལ་སྐུལ་འདེད་བཏང་ནས་ལྷ་སའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社