(པར་ངོས་དང་པོར་མཐུད)འགྲིམ་འགྲུལ་ཚབས་ཆེན་འགག་པ་དང་མང་ཚོགས་འཚང་ཁ་ཆེ་བ་དང་རྡོག་རྫིས་ཐེབས་པ་སོགས་ཀྱི་གནས་ཚུལ་མི་ཐོན་པར་བྱེད་དགོས་ཞེས་གསུངས་པ་རེད།
ལྷ་མོའི་འཁྲབ་སྟོན་ནི་ཞོ་སྟོན་གྱི་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང།རྫོང་རྒྱབ་ཀླུ་ཁང་དུ་གྲོང་མི་ཚོས་རྒན་སྐྱོར་གཞོན་ཁྲིད་ཀྱིས་སྒོར་མོར་བསྡད་དེ་ལྷ་མོའི་འཁྲབ་སྟོན་ལ་ལྟ་བཞིན་ཡོད།ཤའོ་ཡིའུ་ཚའེ་དེ་གར་ཕེབས་ནས་ལྷ་མོའི་འཁྲབ་སྟོན་སོགས་དུས་ཆེན་གྱི་བྱེད་སྒོ་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་གཉེན་ཉེའི་བརྩེ་སེམས་དང་དྲོ་སྐྱིད་ལྡན་པའི་འདུ་ཤེས་དེ་ཞབས་ཞུ་འགན་ལེན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱེད་དགོས་པ་དང་། དུས་ཆེན་དང་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་འཛད་སྤྱོད་ཀྱི་རྣམ་པ་མུ་མཐུད་དེ་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བ་ཚོར་བདེ་སྐྱིད་དང་། དགའ་སྤྲོ་ལྡན་པ།བཀྲ་ཤིས་པ་བཅས་ཀྱི་ཞོ་སྟོན་ཞིག་གཏོང་ཐུབ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་། ཁྲེན་ཅིང་།ལིན་ཡུང་།ཞུས་ཧའེ།ཀྲང་ཁྲུན་དབྱང་།སྐལ་བཟང་ཚེ་བརྟན།པ་སངས་རྡོ་རྗེ་བཅས་བྱེད་སྒོར་ཞུགས་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社