ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་4ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་། ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས། ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱིས་གཉེར་འགན་འཁུར་བའི་2024ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་འགོ་ཚུགས་པའི་མཛད་སྒོ་དེ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་ཁང་2པར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་ཚོགས་འདུར་ཞུགས་ཡོད།
ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་དང་། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་པ་ནཱ་ཝ་ལ་ཅེ་·ཏ་ཁར་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
ཝང་ཆང་གིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་2024ལོའི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་འགོ་ཚུགས་པའི་མཛད་སྒོར་ཞུགས་མཁན་གྱི་འགོ་ཁྲིད་རྣམ་པ་དང་རྒྱལ་ཁབ་ཕྱི་ནང་ནས་འགྲེམས་སྟོན་ནང་ཞུགས་པའི་ཚོང་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
ཝང་ཆང་གིས་བསྟན་དོན། 2024ལོའི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་དེ་ནི་ལྷ་ས་གྲོང་ཁྱེར་དང་ཐ་ན་རང་སྐྱོང་ལྗོངས་ཀྱིས་ནང་འདྲེན་ཚོང་ཟོག་གི་ཁྱད་ཆོས་ལྡན་པའི་ཚོང་ཟོག་འགྲེམས་ཚོགས་གཉེར་ཐེངས་དང་པོ་དེ་ཡིན་ལ་ལོ་རྒྱུས་ཐོག་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་འགྲེམས་ཚོཊ་འདུ་གཉེར་ཐེངས་དང་པོ་དེ་ཡང་ཡིན་པས་ལྷ་སའི་སྒོ་དབྱེའི་འཕེལ་རྒྱས་ཐད་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
ཝང་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社