分享按钮

ཤའོ་ཡིའུ་ཚའེ་ཡིས་ཞོ་སྟོན་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ཚུལ་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས།

དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ས་མདུན་མའི་ལས་བྱེད་པ་དང་ལས་བཟོ་བར་གཟིགས་སྐོར་འཚམས་འདྲི་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ།

བསོད་ནམས་ཉི་མ་དང་ཀྲང་ཧུང་པོ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ལྷན་དུ་ཕེབས་པ།

ཟླ་8ཚེས་4ཉིན་གྱི་སྔ་དྲོར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་སྔ་རྗེས་སུ་འབྲས་སྤུངས་དགོན་པ་དང་།སེ་ར་དགོན་པ།རྫོང་རྒྱབ་ཀླུ་ཁང་བཅས་སུ་ཕེབས་ཏེ་ཡུལ་དངོས་སུ་ཞོ་སྟོན་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་8ཚེས་4ཉིན་གྱི་སྔ་དྲོར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་སྔ་རྗེས་སུ་འབྲས་སྤུངས་དགོན་པ་དང་།སེ་ར་དགོན་པ།རྫོང་རྒྱབ་ཀླུ་ཁང་བཅས་སུ་ཕེབས་ཏེ་ཡུལ་དངོས་སུ་ཞོ་སྟོན་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་།དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་འཐབ་ས་མདུན་མའི་ལས་བྱེད་པ་དང་ལས་བཟོ་བར་གཟིགས་སྐོར་འཚམས་འདྲི་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་དང་།རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཐིང་ཀྲང་ཀྲང་ཧུང་པོ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ལྷན་དུ་ཕེབས་པ་རེད།

འབྲས་སྤུངས་དགོན་པ་དང་སེ་ར་དགོན་པར་ཤའོ་ཡིའུ་ཚའེ་ཡིས་གོས་སྐུ་འགྲེམས་སྟོན་གྱི་བྱེད་སྒོའི་ལམ་ཐིག་བརྒྱུད་སྙན་ཞུར་གསན་ཞོར་དུ་ལམ་རྒྱུད་ཀྱི་བདེ་འཇགས་འགན་ལེན་དང་དམངས་ཕན་ཞབས་ཞུའི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་གནང་བ་རེད།ཁོང་གིས་ཞོ་སྟོན་རིང་བྱེད་སྒོ་ཁག་ལ་མི་མང་བ་དང་འགྲུལ་བཞུད་བྱེད་མཁན་མང་བས་རིམ་ཁག་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་བྱ་ཐབས་ཁག་འཕྱུགས་པ་མེད་པར་དོན་འཁྱོལ་བྱས་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་།ལམ་རྒྱུད་དུ་རིན་མེད་ཇ་ཆུ་དང་།གཅེས་སེམས་ཀྱི་རྐུབ་སྟེགས། གནས་སྐབས་ཀྱི་སྤྱི་པའི་གསང་སྤྱོད་སོགས་སེམས་རྩ་འཁོལ་བའི་ཞབས་ཞུ་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བར་སྟབས་བདེ་བསྐྲུན་ཐོག་དུས་ཆེན་ཡག་པོ་གཉེར་ཐུབ་པར་བྱེད་པ་དང་མང་ཚོགས་ཀྱིས་ཡག་པོ་འདུག་ཅེས་བསྔགས་བརྗོད་ཐུབ་པར་བྱེད་དགོས།འགྲིམ་འགྲུལ་ཁྲིད་སྟོན་དང་མི་སྣ་ལམ་བཤངས་ཀྱི་ལས་ཀ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-06 བསོད་ནམས་ཉི་མ་དང་ཀྲང་ཧུང་པོ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ལྷན་དུ་ཕེབས་པ། ཤའོ་ཡིའུ་ཚའེ་ཡིས་ཞོ་སྟོན་གྱི་འབྲེལ་ཡོད་བྱེད་སྒོ་སྤེལ་ཚུལ་ལ་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། 6 6 拉萨日报藏文 c185962.html 1 དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་འཐབ་ས་མདུན་མའི་ལས་བྱེད་པ་དང་ལས་བཟོ་བར་གཟིགས་སྐོར་འཚམས་འདྲི་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས་པ། /enpproperty-->