ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་4ཉིན། ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་མ་ལེ་ཞི་ཡའི་རྒྱུད་གཅིག་ལམ་གཅིག་ཨུ་ལྷན་དང་ནེ་པ་ལའི་ཀྲུང་གོའི་བཟོ་ཚོང་ཚོང་ཚོགས་བཅས་ཀྱིས་མ་འཇོག་སྐུལ་སྤེལ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཅིང་། དེའི་དམིགས་ཡུལ་ནི་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་སྐབས་དང་པོ་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་གོ་སྐབས་སུ་བྱས་ནས་འབྲེལ་གཏུག་དང་མཉམ་ལས་ཀྱི་ལམ་སྲོལ་བཙུཊ་ཏེ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་དར་རྒྱས་ཡར་ཐོན་ཡོང་བར་བྱ་རྒྱུ་དེ་རེད།
གན་རྒྱ་མ་བཞག་གོང་། ཚོགས་ཞུགས་ཚོང་ཚོགས་ཀྱི་འཐུས་མིས་ཡུལ་དངོས་སུ་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་ཀྱི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས་ནས་ཡུལ་དངོས་སུ་འགྲེམས་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་རྣམ་པར་མྱོར་ཚོར་བྱས་པ་རེད། གན་རྒྱ་འཇོག་ཡུལ་དུ་ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཁོངས་མི་དང་འབྲེལ་མཐུད་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཏང་ཙུའི་ཧྲུའུ་ཅི་དབང་འདུས་བཀྲ་ཤིས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་སྲིད་ཇུས་ངོ་སྤྲོད་གནང་བ་དང་།སྲིད་གཞུང་གིས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་ཞིབ་ཚགས་བཏོད་པའི་སྤུས་ལེགས་ཚོང་གཉེར་ཁོར་ཡུག་དང་ཕྱོགས་ཡོངས་ཀྱི་ཞབས་ཞུའི་འགན་ལེན་མ་ལག་ལ་རྒྱས་བཤད་གནང་བ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社