གསར་འགོད་པས་ཟླ་7ཚེས་31ཉིན་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དྲ་རྒྱའི་ཐད་གཏོང་ལས་སྟེགས་ཀྱིས་བྱེད་པོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དྲ་རྒྱའི་ཐད་གཏོང་བ་གཙོ་བོའི་བྱ་སྤྱོད་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་རྒྱའི་ཐད་གཏོང་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད།ཉེ་ཆར་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་བརྡ་ཐོ་པར་འགྲེམས་བྱས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ཟླ་བ་གཅིག་རིང་གི“དྲ་རྒྱའི་ཐད་གཏོང་ཁྱབ་ཁོངས་ཀྱི་རྫུན་སྒྲིག་དང་།མ་རབས་ཐ་ཤལ། ཟང་ཟིང་བཅས་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社