分享按钮

གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་ལྟ་བ་གསར་པ།ཆོད་གཏམ་གསར་པ་རབ་དང་རིམ་པ་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གཏན་འབེབས》ལ་བརྟེན་ནས་བསམ་བློ་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོ་དང་། དོན་སྙིང་གལ་ཆེན། དམིགས་ཚད་བླང་བྱ། རྩ་དོན་གལ་ཆེན།བྱ་ཐབས་གལ་ཆེན། ཚན་རིག་དང་མཐུན་པའི་བྱ་ཐབས། རྩ་བའི་འགན་ལེན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ“2+3+2”ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་དང“བྱ་སྤྱོད་ཆེན་པོ་གསུམ”སོགས་གྲོང་ཨུད་ཀྱི་གཙོ་གནད་ལས་དོན་ཁག་ཡག་པོ་སྒྲུབ་པའི་བསམ་ཕྱོགས་དང་བྱ་ཐབས་སུ་འགྱུར་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གིས་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་བསྟར་གྱི་ལེའུར་ཏན་ཏིག་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུ་འདི་ཉིད་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་དང་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོར་ཞུགས་པ་རེད། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-05 6 6 拉萨日报藏文 c185781.html 1 གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ། /enpproperty-->