(པར་ངོས་དང་པོར་མཐུད)སྤྲོ་སེམས་འཁོལ་བའི་གྲོས་བསྡུར་ཁྲོད་བསམ་བློའི་མེ་སྟག་ཟམ་མི་ཆད་པར་འཕྱུར་བཞིན་ཡོད།
དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་བརྒྱུད། ཨུ་ཡོན་ཚོས་ཁྱབ་ཁོངས་མི་འདྲ་བར་གོ་བ་ལེན་སྟངས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་། མཐོང་རྒྱ་དང་བསམ་གཞིགས་རྒྱ་ཆེར་ཕྱིན་ཡོད། དེ་དང་ཆབས་ཅིག་མཐུན་འབྲེལ་ལྷུ་ཚིགས་ཀྱིས་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་དུ་བཏང་ཡོད། ཨུ་ཡོན་ཚོས་བག་ཕེབས་དང་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་ཕན་ཚུན་དབར་གྱི་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་འབྲེལ་གཏུགས་དང་རོགས་ལས་ལ་ཤུགས་སྣོན་བརྒྱབ་ཡོད། ཨུ་ཡོན་ཚོའི་བར་ཐག་ཇེ་ཉེར་བཏང་བར་མ་ཟད། ད་དུང་མི་མངོན་པའི་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་སྲིད་གྲོས་ཀྱི་ལས་དོན་སྔར་ལས་ལེགས་པར་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
དེའི་དམིགས་ཡུལ་ནི་སྲིད་གྲོས་ལས་ཁུངས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རང་གྲོང་གི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་དཔེ་ཀློག་ཁྲོད་བསམ་བློའི་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱེད་པ། སྲིད་གྲོས་ཨུ་ཡོན་རྣམས་ལ་སྔར་བས་སྤྲོ་སེམས་འཁོལ་བའི་སྒོ་ནས་ལས་དོན་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ། འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ལྷ་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社