(པར་ངོས་དང་པོར་མཐུད)ཨར་ལས་རྒྱུ་ཆ་སྤུས་དག་དང་ཁང་ཁོངས་མཛེས་བཟོ་ཁུལ་ཚུད་པའི་སྐབས་འདིའི་དངོས་ཟོག་སྤེལ་རེས་དུས་ཆེན་གྱི་འགྲེམས་སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་10000ཙམ་ཡོད་པ་རེད། ཧོ་ཏུང་གིས་ངོ་སྤྲོད་བྱས་པར་གཞིསག་ན། མིག་སྔར་ལྷ་སའི་ཨར་ལས་རྒྱུ་ཆ་ཉོ་ཚོང་ལྟེ་གནས་ནི་ལྷ་ས་གྲོང་ཁྱེར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཨར་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁྲོམ་ར་ཞིག་ཡིན་པ་དེའི་ནང་ཐབ་ཆས་དང་། གཟུགས་འཁྲུའི་ཡོ་བྱད། ལྕགས་རིགས་ཡོ་བྱད། ཆུའི་དྲོད་རླངས་ཀྱི་མདོང་ལམ། ཤིང་ཆས། རྡོ་ཆས། ཁྱིམ་སྤྱོད་གློག་ཆས་སོགས་ཐོན་རྫས་སྣ་ཚོགས་ཚུད་ཡོད་པ་རེད། མཐའ་འཁོར་གྱི་ཁྲོམ་རར་སྐུལ་ཁྲིད་དེ་བས་ལེགས་པར་བྱ་ཆེད། ལྟེ་གནས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་ཀྱི་ཨར་ལས་རྒྱུ་ཆའི་རྒྱལ་སྤྱིའི་སྤྱི་ཁང་རྩིས་སྤྲོད་བྱ་རྒྱུ་དང་ཨར་ལས་རྒྱུ་ཆའི་རྒྱལ་སྤྱིའི་ཐང་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་ཉེར་ཡོད་པས། མི་རིང་བར་འདི་གར་ཚོང་ལས་དང་། སྤྲོ་གསེང་། སྡོད་གནས། རོལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྒྲིག་གཞི་ཞིག་ཏུ་བསྐྲུན་ཐོག་གྲོང་མིར་དེ་བས་སྟབས་བདེ་དང་དེ་བས་སྐྱིད་སྣང་དོད་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་དངོས་ཟོག་སྤེལ་རེས་དུས་ཆེན་འདི་ཉིད་ཚེས་8ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社