分享按钮

(པར་ངོས་གཉིས་པར་མཐུད)ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་དབར་ཕན་ཚུན་སྐུལ་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་ཤུགས་སྣོན་རྒྱག་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་སྒྱུར་བཅོས་ལས་འགན་མཉམ་དུ་དོན་འཁྱོལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་སྔར་ལས་ལེགས་པར་འགྱུར་བར་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ང་ཚོས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་ལག་ལེན་གྱི་ཉམས་མྱོང་སྔར་བས་ཕྱོགས་བསྡོམས་དང་བེད་སྤྱོད་ལེགས་པར་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་ཆེད་མི་སེམས་གཅིག་ཏུ་སྒྲིལ་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། གྲོས་མོལ་དམངས་གཙོའི་ལམ་སྲོལ་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་བསྒྲུབ་རྒྱུ་ཡིན་ལ། ཏང་འཛུགས་སྐྱོང་དང་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེའང་འགན་འཁྲི་འཁུར་བ་དང་ལས་འགན་སྒྲུབ་པའི་ཐོག་ནས་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་། “སྣེ་ཁྲིད་དེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་ནན་གྱིས་བསྟན་ཡོད་པས། ང་ཚོས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། སྣེ་ཁྲིད་ནས་འཛུགས་སྐྱོང་བྱེད་པ། འདྲི་གཅོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་དེ་རྒྱུན་ལྡན་ཅན་དུ་འགྱུར་བར་བྱ་རྒྱུ་དང་། ཁྲིམས་ཁང་དཔུང་ཁག་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་མུ་མཐུད་ལེགས་སུ་གཏོང་རྒྱུ་མ་ཟད། མི་དམངས་ཁྲིམས་ཁང་གི་ཏང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་འདྲི་གཅོད་ལས་དོན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་ཞིབ་དཔྱོད་ཁྱབ་ཁོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་འཛིན་ནན་པོ་བྱ་རྒྱུ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཞིབ་དཔྱོད་ཀྱི་ལས་འགན་ལག་བསྟར་གང་ལེགས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་ཞིབ་དཔྱོད་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་མ་ཟད། ཞིབ་དཔྱོད་ལས་དོན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

སློབ་གསོ་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ང་ཚོས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པ་ཁོང་དུ་ཆུད་པར་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་སློབ་གསོའི་ལས་སྒོ་མཉམ་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལེགས་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོར་འདེགས་ཀྱི་ཉམས་མྱོང་སྔར་བས་ལེགས་པར་སྤྱོད་པ། ལྟེ་བར་དམིགས་ནས་ཏང་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་ལས་སྒོར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་སྐུལ་འདེད་ཏན་ཏིག་གཏོང་བ། རྣམ་པ་གསར་པའི་བཟོ་ལས་ཅན་ཞེས་པའི་འགག་རྩའི་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེས་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ནོར་སྲིད་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་སླད་ཕྱིན་གྱི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་འགན་ལག་བསྟར་ནན་པོ་བྱ་རྒྱུ་དང་། སྒྱུར་བཅོས་དགོངས་པ་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་དོ་དམ་དང་ཏང་ནན་སྐྱོང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་ནོར་སྲིད་ཀྱི་རྨང་གཞིའི་ནུས་པ་དང་རྟེན་གཞི་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

དགོངས་པར་སློབ་སྦྱོང་གིས་ཤེས་བྱ་དང་དད་སེམས།ལག་ལེན་བཅས་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས།

“ལས་སྒོའི་ལས་དོན་གང་དུ་སྤེལ་རུང་། ཏང་གི་ལས་ཀ་དེ་གར་ཁྱབ་པར་བྱེད་དགོས”ཚོང་དོན་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས། ཚོང་དོན་པུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་གཏོང་རྒྱུ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་མ་ཟད། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

རིག་གནས་དང་ཡུལ་སྐོར་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས། ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་མཐོ་རུ་བཏང་ནས་རིག་གནས་དང་ཡུལ་སྐོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་གཞིར་དམིགས་ཏེ། རིག་གནས་ཀྱི་ལམ་སྲོལ་སྒྲིག་གཞིར་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས། དགེ་མཚན་ལྡན་པའི་རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས། རྒྱང་ལམ་གསར་པར་ང་ཚོས་ལས་འགན་གྱི་ངེས་གནས་ལ་དམིགས་པ་དང་། སྤུས་ཚད་མཐོན་པོའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲལ་དོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བ། བློ་རྩེ་གཅིག་སྒྲིམ་གྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུཊ་སྐྱོང་ལས་དོན་གྱི་བཀོད་སྒྲིག་ཁག་དོན་འཁྱོལ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུཊ་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དེ་བས་འགན་ལེཊ་པར་འཁུར་རྒྱུ་ཡིན་ཞེས་གསུངས་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-05 6 6 拉萨日报藏文 c185778.html 1 /enpproperty-->