分享按钮

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུ་དང་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུ་དང་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།

《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ།གསར་གཏོད་ལ་བརྟེན་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་ནང་གནས་ཀྱི་གསོན་ཤུགས་ལ་སྐུལ་སྤེལ། ཞབས་ཞུ་དང་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་བཅས་ཀྱི་སྒོ་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་པ་དང་། མི་དམངས་མང་ཚོཊ་ཀྱི་རང་གཤིས་ཅན་དང་། སྣ་མང་ཅན། སྤུས་ཚད་ཅན་བཅས་ཀྱི་ཞབས་ཞུ་དང་འཛད་སྤྱོད་ཀྱི་དགོས་མཁོ་སྔར་ལས་ལེཊ་པར་སྐོང་དགོས་ཞེས་བསྟན་ཡོད།

《བསམ་འཆར》ནང་ཕྱོགས་དྲུག་གི་གཙོ་གནད་ལས་འགན་ཁག་20བཏོན་པ་སྟེ། གཅིག་ནས་བཟའ་བཏུང་ཞག་སྡོད་དང་། ཁྱིམ་ལས་ཞབས་ཞུ།རྒན་གསོ། བཅོལ་གསོ་སོགས་རྨང་གཞིའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས།གཉིས་ནས་རིག་གནས་རོལ་རྩེད་དང་། ཡུལ་སྐོར། ལུས་རྩལ། སློབ་གསོ་དང་གསོ་སྦྱོང་། སྡོད་གནས་ཞབས་ཞུ་སོགས་ལེགས་བཅོས་རང་བཞིན་གྱི་འཛད་སྤྱོད་གསོན་ཤུགས་ལ་སྐུལ་སྤེལ་བྱེད་དགོས། གསུམ་ནས་གྲངས་གཞི་དང་། ལྗང་མདོག བདེ་ཐང་སོགས་འཛད་སྤྱོད་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་དགོས། བཞི་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་འགུལ་ནུས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་རྟགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་ཚོང་རར་ཞུགས་འཐུས་ལྷུག་ཏུ་གཏོང་བ། གློག་འཕྲིན་སོགས་ཁྱབ་ཁོངས་ཀྱི་སྒོ་དབྱེ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པ་བཅས་བྱེད་དགོས། ལྔ་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁ་དན་ཚིག་གནས་དང་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་ལ་ཁྲིད་སྟོན་བྱེད་པ། ཞབས་ཞུའི་འཛད་སྤྱོད་ཀྱི་ཚད་གཞི་ལེགས་སུ་གཏོང་དགོས།དྲུག་ནས་སྲིད་ཇུས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་ཁྲལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།ཤེས་ལྡན་མི་སྣའི་དཔུང་ཁག་གི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ། བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཡིན། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་གིས་ཐུན་མོང་ཐོག་ཞབས་ཞུ་དང་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་དམངས་ཕན་བྱ་སྤྱོད་དང་།ཞབས་ཞུ་དང་འཛད་སྤྱོད་དུས་ཚིགས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཞབས་ཞུ་དང་འཛད་སྤྱོད་ཀྱི་ཚ་རླབས་མུ་མཐུད་གཏོད་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

《བསམ་འཆར》ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག འབྲེལ་ཡོད་ཚན་པ་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-05 6 6 拉萨日报藏文 c185775.html 1 རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞབས་ཞུ་དང་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ། /enpproperty-->