ཉེ་ཆར།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པར་སྐུལ་མ་ཆེན་པོ་ཐེབས་ཤིང་། ཚང་མས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཆབ་སྲིད་ཐད་ཀྱི་ལྷག་བསམ་དག་ཏུ་གཏོང་བ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། རུ་སྟར་དང་པོར“སྲུང་སྐྱོང་གཉིས”ལེགས་པར་བྱེད་པ་བཅས་ཀྱི་སྒོ་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་མཐོའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མར་ལག་བསྟར་དོན་འཁྱོལ་བྱེད་མཁན་ཞིག་ཡིན་ཞེས་ནན་གསུངས་གནང་ཡོད། ཀྲུང་དབྱང་གཞུང་དོན་ཐིང་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྣེ་ཁྲིད་ནས“སྲུང་སྐྱོང་གཉིས”སྔར་བས་བྱ་རྒྱུ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བློ་བདེ་ཡིད་ཚིམས་ཀྱི་སྲ་ཞིང་བརྟན་པའི་མདུན་ཕྱོཊ་སོ་པ་ཞིག་དང་རྒྱབ་ཕྱོགས་ར་བ་ཞིག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ནི། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད།
ཀྲུང་དབྱང་རྩ་འཛུགས་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཀྲུང་དབྱང་རྩ་འཛུགས་པུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་མུ་མཐུད་ལག་བསྟར་གཏིང་ཟབ་བྱ་རྒྱུ་མ་ཟད། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་གོ་བ་ལེན་པ། དམ་པ་དོན་གཉེར། སློབ་སྦྱོང་དང་ལག་བསྟར་བྱེད་ཚད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དཔེ་བཟང་སྡེ་ཚན་དང་དཔུང་ཁག་ལེགས་པོ་འཛུགས་སྐྱོང་གི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲུང་དབྱང་དྲིལ་བསྒྲགས་པུའི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར་བཅས་བྱེད་པའི་ཐད་གདོང་ལེན་པ་ཡག་པོ་ཞིག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད། ང་ཚོས་འགན་འཁྲི་དང་ལས་འགན་ལེགས་པར་འཁུར་རྒྱུ་ཡིན་ལ། སྣེ་ཁྲིད་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ལེགས་པར་སྤྲས་ཏེ། སློབ་སྦྱོང་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན། མ་ཟད་ཞིབ་འཇུག་དང་འགྲེལ་བཤད་ཀྱི་ཚད་ཀྱང་ཟབ་ཏུ་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་གི་གསར་གཏོད་རིགས་གཞུང་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཆེད་ལས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་དམ་པོར་དམིགས་ནས་སློབ་སྦྱོང་དང་ཞིབ་འཇུག བཀོད་སྒྲིག སྐུལ་སྤེལ་བཅས་ཀྱི་ལས་དོན་སྤེལ་རྒྱུ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཐབས་འདོན་ཇུས་འབུལ་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ལས་དོན་ལ་བླང་བྱ་ཁ་གསལ་བཏོན་ཡོད་པས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན་གྱི་ལས་ཁུངས་ཏང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ལ་འགན་འཁྲི་ལྕི་མོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་སྟེ། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱིར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་གལ་ཆེན་དེ་རུ་སྟར་དང་པོར“སྲུང་སྐྱོང་གཉིས”ལག་ལེན་ལེགས་པར་བསྟར་བའི་རང་རྟོགས་སུ་འགྱུར་བར་བྱ་རྒྱུ་དང་། གཞུང་འཁྱོངས་གསར་འབྱེད་དང་དོན་འཁྱོལ་ལ་དམ་འཛིན་གྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྤུས་མཐོའི་ཏང་འཛུགས་སྐྱོང་ལ་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཟུང་འབྲེལ་བྱ་ཡུལ་གནད་ལ་འཁེལ་པོས་བཙལ་ནས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社