(པར་ངོས་དང་པོར་མཐུད)འབྲུབ་ཆུ་འགོག་པ་དང་། ཉེན་ཁ་ཆེན་པོ་འགོག་པ། གནོད་འཚེ་ཆེན་པོ་ལས་སྐྱོབ་པ་བཅས་ལ་གཞི་ཚུགས་ནས། ཕྱོགས་ཡོངས་ནས་བསམ་བློའི་གྲ་སྒྲིག་དང་། དངོས་རྫས་ཀྱི་གྲ་སྒྲིག སྟོབས་ཤུགས་ཀྱི་གྲ་སྒྲིག བྱ་ཐབས་ཀྱི་གྲ་སྒྲིག་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས“བདེ་འཇགས་ཀྱི་འགག་སྒོ”དམ་དུ་གཏོང་བ་དང་།“བདེ་འཇགས་ཀྱི་ཆུ་རགས་ཆེན་པོ”མཐའ་གཅིག་ཏུ་བསྐྲུན་དགོས།“མངོན་མེད་རྐྱེན་ངན་དོན་རྐྱེན་དུ་བརྩི་བའི”འདུ་ཤེས་བརྟན་པོར་འཛུགས་དགོས་པ་སྟེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དོ་སྣང་ཆེན་པོ་བྱས་ནས། ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཀྱོག་མ་ལུས་པའི་སྒོ་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་མཐིལ་རྟོགས་ཆེན་པོ་བྱེད་པའི་ལས་ཀ་སྤེལ་ཏེ། མངོན་མེད་རྐྱེན་ངན་སྔ་ཙམ་ཤེས་རྟོགས་དང་ཐག་གཅོད་སྔ་ཙམ་བྱེད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཐོན་སྐྱེད་བདེ་འཇགས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་རུ་དཔོན་གྱིས་ཁྲིམས་འཛིན་ཉིང་ལག་རུ་ཁག་ཡིན་པའི་ངོས་ནས་ང་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱེད་པ་དང་དུས་མཚུངས་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཁྲིམས་འཛིན་ལྟ་སྐུལ་ཏན་ཏིག་བྱ་རྒྱུ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་དྲང་དང་། ནན་པོ། ཚད་ལྡན། ཤེས་དཔལ་བཅས་ཀྱི་ཁྲིམས་འཛིན་འགན་ལེན་བྱ་རྒྱུ་ཡིན། གཞན་ཡང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་དུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
སླད་ཕྱིན་གྱི་ལས་ཀའི་ཁྲོད། ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་དོན་དངོས་དང་ཟུང་འབྲེལ་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཅུས་དེར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་བརྟག་ཞིབ་དང་སྒྲོག་འགྲེལ་གནང་སྐབས་བཏོན་པའི་འབྲེལ་ཡོད་བླང་བྱ་དམ་འཛིན་བྱ་གཞིར་བྱས་ཏེ། དམིགས་ཚད་དང་ལས་འགན་ཁག་དབྱེ་བྱེད་པ་དང་། གཞི་རིམ་གྱི་མངོན་གསལ་དོད་པའི་གནད་དོན་འགོ་འཛུགས་སར་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱེད་པ། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སློབ་སྦྱོང་དང་། ཞིབ་འཇུག དོན་འཁྱོལ་བཅས་ཀྱི་ཐད་མིག་དཔེ་ཡག་པོ་སྟོན་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས། འགན་འཁྲི་དང་ཟུང་འབྲེལ་བྱས་ནས་བསམ་བློ་གཏིང་ཟབ་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིབ་འཇུག་བྱས་ནས་བཏོན་ཏེ།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པ།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བདེ་འཇགས་འགན་སྲུང་དང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་དང་ཕན་འབྲས་དངོས་སུ་ཏན་ཏིག་འགྱུར་བར་བྱ་རྒྱུ་རེད།
ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲང་ཅ་སུང་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཏོན་པའི་བླང་བྱར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་ལ་འགན་འཁྲི་ཡང་ཧ་ཅང་ལྕི་པོ་ཡོད། ཕྱིས་འབྱུང་། ང་ཚོའི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་སྤུས་ཚད་མཐོན་པོའི་སྒོ་ནས་ཆེད་དོན་སློབ་སྦྱོང་བྱས་ཏེ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་ལག་བསྟར་བྱ་ཐབས་ཐད་ཞིབ་འཇུག་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་ཡིན་ལ།གལ་ཆེའི་བཀོད་སྒྲིག་དང་། གཙོ་གནད་ལས་འགན། གཙོ་གནད་ལས་ཀ་བཅས་ལ་དམིགས་ནས། ཆུ་འབྲུབ་རྒྱས་དུས་ཀྱི་བདེ་འཇགས་སྔོན་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社