分享按钮

ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་སྐབས་དང་པོའི་འགྲེམས་རྫས་བཀོད་སྒྲིག་ལས་དོན་ལེགས་གྲུབ་ཟིན་པ།

(པར་ངོས་དང་པོར་མཐུད)བཀོད་སྒྲིག་གནད་ལ་འཁེལ་བ་དང་སྔོན་དཔག་དང་མཐུན་པའི་འགན་ལེན་བྱེད་བཞིན་ཡོད་པ་རེད། མིག་སྔར་འགྲེམས་ཚོགས་ལྟེ་གནས་ཀྱི་འགྲེམས་རྫས་བཀོད་སྒྲིག་ལས་དོན་ལེགས་གྲུབ་ཟིན་པ་རེད། ཕ་ཁི་སི་ཐན་གྱི་འགྲེམས་སྟོན་ཚོང་པ་ཁ་སྨི་ཡིས་ང་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ལ་ཞུགས་ཐེངས་དང་པོ་ཡིན། ངས་ཕ་ཁི་སི་ཐན་གྱི་གཡང་ཊི་འཁྱེར་ཡོད། ང་ཚོ་དེའི་གོང་བོད་ཀྱི་དངོས་མང་སྟོན་ཚོགས་ལ་ཞུགས་མྱོང་ཡོད་པ་མ་ཟད། ཚང་མས་ང་ཚོའི་གཡང་ཊིའི་ཐོན་རྫས་ལ་དགའ་པོ་བྱེད་ཀྱི་ཡོད། ལྷན་རྒྱས་ཚེས་4ནས་8ཉིན་བར་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ལ་ཕེབས་ནས་རང་ཉིད་ཀྱི་དགའ་བའི་ཚོང་ཟོག་ཉོ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད། དེ་རྗེས་སེར་ཝུའེ་ཡའི་འགྲེམས་སྟེགས་ཀྱི་འགྲམ་དུ་གསར་འགོད་པ་ལྷ་སར་ཐོག་མར་ཡོང་མཁན་སེར་ཝུའེ་ཡའི་ཐོན་རྫས་འགྲེམས་སྟོན་གྱི་ཚབ་སྒྲུབ་ཚོང་པ་ཀྲང་ཅེ་འཕྲད་སྐབས་ཁོང་གིས་ལྷ་སར་ཐོག་མར་ཡོང་བ་དང་འགྲེམས་ཁང་དུ་ཡོང་བའི་ལམ་བར་དུ་ལྷོ་རིའི་སྤྱི་གླིང་བརྒྱུད་སྐབས་ལྷོ་རིའི་སྤྱི་གླིང་ཧ་ཅང་མཛེས་པའི་བག་ཆགས་ཟབ་མོ་ཞིག་བྱུང་།ད་ཐེངས་ངས་འཁྱེར་ཡོང་བའི་ཐོན་རྫས་ནི་སེར་ཝུའེ་ཡའི་ཀོག་ཧྥེ་དང་། རས་སེ། རྒུན་འབྲུམ་ཨ་རག་བཅས་ཡིན་པས། ཚང་མས་དགའ་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་རེས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་གྱིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་འགྲེམས་སྟོན་དང་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད།ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སྒུལ་ཤུགས་གསར་པ་ཞིག་ཀྱང་མཁོ་འདོན་བྱས་ཡོད་པ་རེད།

བལ་ཡུལ་གྱི་འགྲེམས་སྟོན་ཚོང་པ་ཀུན་བཟང་བཀྲ་ཤིས་ཀྱིས་ད་རེས་འགྲེམས་ཚོགས་ལ་ཡོང་སྐབས་སྤུས་ལེགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་མང་པོ་འཁྱེར་ཡོད་པའི་ནང་ཤིང་ཕོར་ཚུད་ཡོད། ཤིང་ཕོར་དེ་རིཊ་ནི་ང་ཚོ་བལ་ཡུལ་ཁོ་ནར་དམིགས་བསལ་དུ་ཡོད་པ་ཞིག་རེད། མིང་ལ་ཇ་ཕོར་ཞེས་བརྗོད་ཀྱི་ཡོད། དེའི་ཆེ་ཆུང་ནི་ཅུང་ཆེ་བར་མ་ཟད།སྤུས་ཀ་ལེགས་པས་སྤྱོད་སྒོ་མང་པོ་ལྡན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་འདུ་ཚོགས་ཐོག་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་མང་པོ་ཞིག་དེ་གར་འཛོམས་ཡོད་པས་འགྲེམས་ཚོགས་ཐོག་སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཟོག་གིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-08-05 6 6 拉萨日报藏文 c185773.html 1 ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་སྐབས་དང་པོའི་འགྲེམས་རྫས་བཀོད་སྒྲིག་ལས་དོན་ལེགས་གྲུབ་ཟིན་པ། /enpproperty-->